འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།གང་བསམ་ལྷུག་གླེང་གིས་རྒྱལ་ཇུས་འགོད་པ།

    ——འཐུས་མི་དང་ཨུ་ཡོན་ཚོས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དམངས་གཙོའི་སྐོར་ལྷུག་པོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་18ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚང་མས་གང་བསམ་ལྷུག་གླེང་གིས་སྤེལ་རེས་དང་གྲོས་བསྡུར་ཁྲོད་ཐུན་མོང་གི་ངོས་འཛིན་ཆགས་པ་གནང་བ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ནས་འགོ་བརྩམས་ཏེ་གྲོས་འགོ་བཏོན་གནང་བ་རེད།
         རང་སོ་སོས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་ལས་འགན་ལེགས་སྒྲུབ་བྱས་པའི་ཉམས་མྱོང་དང་མཐོང་ཐོས་གླེང་སྐབས། ཧྲང་ཧའེ་ནས་ཕེབས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྥན་ཡུན་གྱིས་རང་ཉིད་ཀྱི་མྱོང་ཚོར་གླེང་བ་རེད།
         རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་འཐུས་མི་དང་ཨུ་ཡོན་ཚོས་རང་འགན་གཙང་སྒྲུབ་དང་། ཐབས་འདོན་ཇུས་འགོད། དམངས་གཙོའི་དབང་ཆ་ལག་བསྟར་བྱ་ཡུལ་ཞིག་རེད།
         ཚོགས་འདུ་གཉིས་ཐོག་འཐུས་མི་དང་ཨུ་ཡོན་ཚོས་གྲོས་ཞིབ་དང་གྲོས་བསྡུར་གནང་སྐབས་བློ་རིག་མཉམ་བསྡུས་དང་ལྟ་བ་མི་མཐུན་པའི་ཁྲོད་ཐུན་མོང་གི་ངོས་འཛིན་གྲུབ་པ་བྱས་ཏེ“ཀྲུང་གོའི་རྣམ་པའི་དམངས་གཙོའི”གསོན་ཤུགས་གང་ལེགས་མངོན་པ་བྱས་ནས་ཀྲུང་གོའི་འབྱུང་འགྱུར་ལོ་ལྔ་ཡི་རིང་གི་འཕེལ་རྒྱས་ཀྱི་འཆར་གཞི་ཆེ་མོའི་ཐོག་ནས་དམངས་ཀྱི་བསམ་བློ་མཚོན་པ་དང་དེ་ཚན་རིག་དང་མཐུན་ལ། ལུགས་དང་མཐུན་པ་ཞིག་ཡོད་པ་མ་ཟད། དེས་སྒྱུར་བཅོས་ཀྱི་འགག་སྒྲོལ་ལ་གསོན་ཤུགས་དེ་བས་ཆེ་བའང་བསྣན་ཡོད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀུའོ་ཝུན་ཧྲེང་གྲངས་ཉུང་མི་རིགས་ཀྱི་རིགས་ཁོངས་ནས་ཕེབས་པ་ཞིག་ཡིན་པ་དང་ཁོང་ཞུགས་པའི་ཚོགས་ཆུང་དེའི་ནང་ས་ཁུལ་མི་འདྲ་བ་ནས་ཕེབས་པའི་གྲངས་ཉུང་མི་རིགས་ཀྱི་ཨུ་ཡོན་ཡོད་པ་རེད།
         ཀུའོ་ཝུན་ཧྲེང་གིས“ཚང་མས་ལས་དོན་དང་ས་ཁུལ་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང‘ལོ་ལྔ་ཚན་བཅུ་གསུམ་པའི’འཆར་འགོད་རྩ་གནད་འཆར་ཟིན་ལ་དམིགས་ཏེ་ཐབས་འདོན་ཇུས་འགོད་གནང་ནས་མི་རིགས་ཁྱིམ་ཚང་ཆེ་མོའི་མཐུན་སྒྲིལ་མངོན་པ་དང་མི་རིགས་ཁག་ལག་གདང་སྦྲེལ་ནས་འབྱོར་འབྱིང་ཕྱོགས་སུ་སྐྱོད་པའི་འདུན་པ་མཚོན་པ་གནང་ཡོད”ཅེས་གསུངས་པ་རེད།
         ཚོགས་འདུ་གཉིས་རིང་། གྲངས་ཉུང་མི་རིགས་ཀྱི་རིགས་ཁོངས་ཀྱིས་ཆེད་མངགས་གྲངས་ཉུང་མི་རིགས་ས་ཁུལ་གྱི་གནད་སྨིན་དབུལ་སྐྱོར་གྱི་མཉམ་འབྲེལ་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་བ་དང་ཨུ་ཡོན་ཚོ་གདོང་གཏུག་སྤེལ་རེས་གནང་བ་རེད།
         ཀུའོ་ཝུན་ཧྲེང་གིས“མི་རིགས་ས་ཁུལ་ཁག་གི་ཨུ་ཡོན་ཚོས་གནད་སྨིན་དབུལ་སྐྱོར་གྱི་ཉམས་མྱོང་བཟང་པོ་དང་འཕྲད་པའི་གནད་དོན་ངོ་སྤྲོད་གནང་བ་དང་འབྲེལ་ཡོད་སྡེ་ཚན་ལ་གྲོས་འགོ་བཏོན་གནང་བ་མ་ཟད། དང་ལེན་ཡང་གནང་བ་དེ་ཐོག་ནས་ལམ་ལུགས་འཁོར་སྐྱོད་ཀྱི་ནུས་པ་ཆེན་པོ་གང་ལེགས་མངོན་ཡོད”ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།