འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཁང་ཁྲོམ་བརྟན་པོ་ཡོང་བར་ཡིད་ཆེས་ཀྱིས་ཁེངས་པ།

    སྡོད་ཁང་འཛུགས་སྐྲུན་པུའི་པུའུ་ཀྲང་ཁྲེན་ཀྲེང་ཀའོ་ཚོགས་འདུ་གཉིས་ཀྱི་གསར་འགོད་པའི་ཚོགས་འདུར་ཐོག་མར་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་18ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་15ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་འཚོགས་པའི་སྡོད་ཁང་འཛུགས་སྐྲུན་པུའི་ཆེད་དོན་གསར་འགོད་པའི་ཚོགས་འདུ་འགོ་ཚུགས་མ་ཐག་སྨྱན་སྦྱོར་གྱིས་མིག་སྔའི་ཁང་ཁྲོམ་སྐོར་གྱི་གླེང་མང་བའི་གླེང་གཞིའི་སྐོར་ལ་གནད་དུ་འཁེལ་བའི་དྲི་བ་བཏོན།
         འཁྲུག་ཆ་དོད་པའི་གསར་འགོད་པའི་ཚོགས་འདུ་དེ་ནི་འདི་ལོའི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱིས་སྒྲིག་འཛུགས་བྱས་པའི་གསར་འགོད་པའི་ཚོགས་འདུ་མཇུག་ཤོས་དེ་ཡིན་ལ། 2014ལོར་ཁྲེན་ཀྲེང་ཀའོ་སྡོད་ཁང་འཛུགས་སྐྲུན་པུའི་པུའུ་ཀྲང་གནང་རྗེས་ཚོགས་འདུ་གཉིས་ཀྱི་གསར་འགོད་པའི་ཚོགས་འདུར་ཞུགས་ཐེངས་དང་པོ་དེའང་རེད།
         ཆུ་ཚོད་གཅིག་ནང་གནད་དོན་17ལ་ལན་བསྐྱོན་པ་དང་ཚོགས་འདུ་དེའི་གཙོ་སྐྱོང་པས་གདེང་འཇོག་བྱས་པ་ལྟར་ན“མཇུག་བསྡུའི”དོན་སྙིང་ལྡན་པའི་གསར་འགོད་པའི་ཚོགས་འདུ་དེ་འདི་ལོའི་ཚོགས་འདུ་གཉིས་ཀྱི་གསར་འགོད་པའི་ཚོགས་འདུའི་དུས་ཚོད་ཐུང་ཤོས་དང་། གནད་དོན་མང་ཤོས། ཆ་འཕྲིན་འབོར་ཚད་ཆེ་ཤོས་བཅས་རེད། མི་ཚོས་དོ་ཁུར་བྱེད་པའི་ཀྲུང་གོའི་ཁང་ཁྲོམ་གྱི་གནས་ཚུལ་དང་སྡོད་ཁང་སྒྱུར་བཅོས་ཀྱི་འཕེལ་ཕྱོགས་ཅི་འདྲ་ཡིན་པའི་ཐད་ཕྱོགས་ཁག་གིས་དབང་གྲགས་ཀྱི་དྲིས་ལན་སྒུག
         ཁྲོམ་རའི་ཐོག་གི་སེམས་ཁྲལ་བྱེད་པའི་གནད་དོན་ལ་དམིགས་ནས་ཁྲེན་ཀྲེང་ཀའོ་ཡིས་ཚོགས་འདུ་འགོ་ཚུགས་མ་ཐག ཁང་པའི་གོང་ཚད་ཀྱི་གནད་དོན་གླེང་གནང་བ་དང་ས་ཁང་བདག་ཁོངས་ཀྱི་ཁྲོམ་རའི་དུས་བབ་དང་། ཁྲོམ་རའི་སྔོན་དཔག་བརྟན་པོ། ཁྲོམ་རར་གདེང་ཚོད་ཆེ་བ་བཅས་ཀྱི་གསལ་བཤད་གནང་བ་དང་། ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་དུས་ཡུན་རིང་པོའི་ནང་ལེགས་པོ་ཡོད་པའི་རྣམ་པ་གཞི་རྩའི་ཆ་ནས་འགྱུར་ལྡོག་སོང་མེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་འགྱུར་ལྡོག་བྱུང་མེད་པ། ཡུལ་མིའི་སྡོད་ཁང་གི་དགོས་མཁོར་འགྱུར་ལྡོག་བྱུང་མེད་པ་བཅས་ཡིན་པས་འབྱུང་འགྱུར་ས་ཁང་བདག་ཁོངས་འཕེལ་རྒྱས་ཐད་བར་མཐོངས་དང་མི་མངོན་པའི་སྟོབས་ཤུགས་སྔར་བཞིན་ཆེན་པོ་ཡོད་ཅིང་། “ཀྲུང་གོའི་ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཡིད་ཆེས་ཀྱིས་ཁེངས་དགོས”ཞེས་གསུངས་པ་རེད།
         སྨྱན་སྦྱོར་གྱིས་གླེང་མང་བའི་གནད་དོན་དེ་ཁང་པའི་གོང་ཚད་ཁོ་ན་མིན།
         ཚོགས་འདུ་གཉིས་ཀྱི་སྔ་རོལ་དུ་སྒོ་དབྱེ་རྣམ་པའི་ཁུལ་ཆུང་སྐྲུན་པར་དམིགས་པའི“གྱང་བཤིག་པའི”གླེང་གཞིར་དོ་ཁུར་ཆེན་པོ་ཐོབ་ཅིང་། གསར་འགོད་པའི་ཚོགས་འདུའི་ཐོག་ཁྲེན་ཀྲེང་ཀའོ་ཡིས་ཀྱང་འབྲེལ་ཡོད་གནད་དོན་གཉིས་ལ་བསྟུད་མར་ལན་བསྐྱོན་པ་དང“ཁྲོམ་ཁུལ་ལམ་ལུགས་ལག་བསྟར་བྱ་རྒྱུ་དེ་བརྒྱུད་རིམ་ཞིག་ཡིན་པ་དང་འགྲུབ་སླ་བ་ཞིག་མ་ཡིན་ལ། ཉིན་གཅིག་ནང་ལེགས་གྲུབ་ཐུབ་པ་ཞིག་ཀྱང་མ་ཡིན”ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།