འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་གཉིས་པའི་རྒྱལ་ཡོངས་འཐུས་མི་གྲོས་ཚོགས་ཐེངས་བཞི་བའི་བོད་ལྗོངས་
    འཐུས་མི་ཚོགས་པ་དངོས་སུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་04ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་3ཉིན་གྱི་ཕྱི་དྲོར་ཚོགས་ཆེན་གྱི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ཏེ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་འཐུས་མི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོས་པེ་ཅིང་གི་སྡོད་གནས་སུ་འཐུས་མིའི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ་བོད་ལྗོངས་འཐུས་མི་ཚོགས་པ་དངོས་སུ་བཙུགས་པ་རེད།
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའམ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་ཁྲེན་ཆོན་གོ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་གྲོས་ཚོགས་ཐེངས་བཞི་བའི་བོད་ལྗོངས་འཐུས་མི་ཚོགས་པའི་ཚོགས་གཙོར་བདམས་ཤིང་། པད་མ་འཕྲིན་ལས་དང་བློ་བཟང་རྒྱལ་མཚན། ཝུའུ་དབྱིང་ཅེ་གསུམ་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པར་བདམས་པ་རེད།
          ཚོགས་འདུའི་ཐོག་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་གྲོས་ཚོགས་ཐེངས་བཞི་བའི་ཀྲུའུ་ཞི་ཚོགས་པའི་དང་དྲུང་ཡིག་གི་མིང་ཐོ་འཆར་ཟིན་དང་ཚོགས་ཆེན་གྱི་གྲོས་དོན་གོ་རིམ་གྱི་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་། ཉེ་སྔོན་འཚོགས་པའི་འཐུས་མི་ཚོགས་པ་ཁག་གིས་སྐོང་འཚོག་བྱེད་མཁན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།