འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།པ་ཀི་ཏར་འབར་གས་འཇབ་རྒོལ་ཐེབས་ནས་མི་23ཤི་བ་དང་མི་59ལ་རྨས་སྐྱོན་ཕོག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་29ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།པ་ཀི་ཏར་འབར་གས་འཇབ་རྒོལ་ཐེབས་ནས་མི་23ཤི་བ་དང་མི་59ལ་རྨས་སྐྱོན་ཕོག་པ།
         མི་དམངས་དྲ་བའི་འཕྲིན། དབྱི་རག་རྒྱལ་ཁབ་ཀྱི་ནང་སྲིད་པུའུ་ཡི་དཔོན་མིས་ཟླ་2ཚེས་28ཉིན་བཤད་དོན། ཉིན་དེར། རྒྱལ་ས་པ་ཀ་ཏའི་ཤར་རྒྱུད་ཀྱི་ཚོང་ར་ཞིག་ཏུ་འབར་གས་འཇབ་རྒོལ་བྱུང་ནས་ཉུང་མཐའ་ཡང་མི་23ཤི་བ་དང་མི་59རྨས་པ་རེད། 
    མིང་ཤོད་འདོད་མེད་པའི་དབྱི་རག་གི་དཔོན་མི་ཞིག་གིས་གསར་འགོད་པར་བཤད་དོན། པ་ཀ་ཏའི་ཤར་རྒྱུད་ཀྱི་ས་ཏིར་མཁར་གྱི་མི་ཚོགས་འདུས་པའི་ཚོང་ར་ཞིག་ཏུ་སྔ་རྗེས་སུ་འབར་གས་འཇབ་རྒོལ་ཐེངས་གཉིས་ཐེབས་པ་རེད།  འཇབ་རྒོལ་པས་འགལ་རྫས་སྦྱར་ཡོད་པའི་འཕྲུལ་རྟ་ཞིག་ཚོང་རའི་འགྲམ་དུ་བཞག་ནས་འགད་དུ་བཅུག་པ་དང་། བདེ་སྲུང་རུ་ཁག་གི་དམག་མི་དང་མང་ཚོགས་ཚོ་འབར་གས་བྱུང་སར་འདུས་རྗེས། འཇབ་རྒོལ་པ་ཞིག་གིས་མི་ཚོགས་ཁྲོད་དུ་ལུས་སྟེང་གི་འབར་རྫས་འགད་དུ་བཅུག་པ་རེད། 
         “དབྱི་སི་ལན་རྒྱལ་ཁབ”ཐལ་དྲགས་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་འདི་ཁོ་ཚོས་བཟོས་པ་ཡིན་ཞེས་གསལ་བསྒྲགས་བྱས།
         མིག་སྔར“དབྱི་སི་ལན་རྒྱལ་ཁབ”ཐལ་དྲགས་རྩ་འཛུགས་ཀྱིས་དབྱི་རག་གི་ནུབ་རྒྱུད་དང་བྱང་རྒྱུད་ཀྱི་ས་ཁོངས་ཆེན་པོ་བཟུང་ཡོད་པ་མ་ཟད་ཞིང་ཆེན་མང་པོ་ནས་དབྱི་རག་སྲིད་གཞུང་གི་དམག་དང་འཐབ་འཛིང་བྱེད་བཞིན་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པས་སྡོམ་རྩིས་བྱས་པ་ལྟར་ན། 2015ལོར་དབྱི་རག་གི་ཁོངས་སུ་བྱུང་བའི་གཏུམ་སྤྱོད་གདོང་ཐུག་དང་འཇིགས་སྐུལ་འཇབ་རྒོལ་གྱིས་ཉུང་མཐའ་ཡང་མི་7515ཤི་རུ་བཅུག་པ་དང་མི་གྲངས་ཁྲི་ལས་བརྒལ་བ་རྨས་སུ་བཅུག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།