འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱི་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་26ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ལྷ་ས་གྲོང་ཁྱེར་གྱི་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་25ཉིན། ལྷ་ས་གྲོང་ཁྱེར་གྱི་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དྲུག་པ་དེ་གྲོང་ཁྱེར་སྲིད་གཞུང་གི་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་དང་། ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་ཀྲང་ཡན་ཆིང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། ཀྲང་ཡན་ཆིང་གིས་བསྟན་དོན། འདས་པའི་ལོ་ལྔ་ནི་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིར་བཏང་མ་ཡིན་པའི་ལོ་ལྔ་ཡིན་པ་རེད། བྱེད་སྟངས་རྙིང་པ་དོར་ནས་རྒྱུན་རྣམ་གསར་པའི་སྣེ་ཁྲིད་པ་མ་ཟད། དཔལ་འབྱོར་དང་ཆབ་སྲིད། རིག་གནས་སོགས་ཀྱི་ཕྱོགས་སུ་ཡང་ཡར་རྒྱས་གལ་ཆེན་བྱུང་སྟེ། “ལོ་ལྔ་ཚན་བཅུ་གཉིས་པའི”དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། ལྷ་ས་དེ་ཉིད་དུས་རིམ་གསར་པ་ཞིག་ཏུ་སླེབས་སུ་བཅུག་ཡོད། 
        གཞི་གྲངས་ལས་མངོན་པ་ལྟར་ན། 2015ལོར། ལྷ་ས་གྲོང་ཁྱེར་གྱི་སྔོན་རྩིས་ལྟར་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་389.46མངོན་འགྱུར་བྱུང་ཡོད་པ་དང་ལོ་སྔོན་མ་ལས་12.1%འཕར་ཡོད། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར་538ཟིན་ཡོད་པ་དང་ལོ་སྔོན་མ་ལས་18%འཕར་ཡོད། སྤྱི་ཚོགས་འཛད་སྤྱོད་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་203.8ཟིན་ཡོད་ལ་ལོ་སྔོན་མ་ལས་13%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་སྤྱོད་འཐུས་ཡོང་འབབ་སྒོར་26096དང་སྒོར་10736ཡིན་ལ། ལོ་སྔོན་མ་ལས་13%དང་16%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོ་འགོད་བྱས་པའི་ལས་ཤོར་ཚད་ནི་2.2%ནང་དུ་ཚོད་འཛིན་བྱས་ཡོད་པ་རེད། ལྷ་ས་གྲོང་ཁྱེར་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། ལྗོངས་ཡོངས་ནས་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཞག་ཡོད་པ་རེད།
    ༄༅།།ལྷ་ས་གྲོང་ཁྱེར་གྱི་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།