འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དགོན་གྱི་དར་ཆེན་སྐུ་བཞེངས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་24ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དགོན་གྱི་དར་ཆེན་སྐུ་བཞེངས།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་22ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དགོན་གྱི་ཐང་ཆེན་ནས་དར་ཆེན་སྐུ་བཞེངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་བ་རེད། ཉིན་དེ་ནི་བོད་ལུགས་ཀྱི་ཟླ་དང་པོའི་ཚེས་བཅོ་ལྔ་ཡིན་པ་དང་། ལོ་རེའི་ཉིན་མོ་འདིར་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དགོན་དང་བཅས་པའི་དགོན་སྡེ་བདུན་གྱིས་དར་ཆེན་སྐུ་བཞེངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་བཞིན་ཡོད། ཕྱོགས་སོ་སོ་ནས་ཐོན་པའི་དད་ལྡན་མང་ཚོགས་ཚོས་དགོན་པའི་དར་ཆེན་འཛུགས་རོགས་བྱེད་ཅིང་། དར་ཆེན་སྐུ་བཞེངས་གནང་རྗེས་ཕན་ཚུན་ལ་རྩམ་པ་བཤོ་རེ་བྱས་ནས་ལོ་གསར་པའི་ནང་ཆར་ཆུ་དུས་སུ་འབབ་པ་དང་ལོ་ལེགས་འབྱུང་བར་གསོལ་སྨོན་ཞུ་བ་རེད།
    【1】  【2】  【3】  【4】
    ༄༅།།རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དགོན་གྱི་དར་ཆེན་སྐུ་བཞེངས།
      

    ཕྱོགས་བསྡུས་གསར་འགྱུར།