འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ཞིང་འབྲོག་པས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་འབབ་འཕར་ཕྱུག་
    འགྱུར་ཡོང་བ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་29ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་རིགས་ཞིང་པ་ཟླ་བ་ནི་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་ཐོས་དགའ་གྲོང་ཚོའི་ཟངས་ཆས་ལས་སྣོན་མཉམ་ལས་ཁང་གི་འགན་འཁུར་བ་རེད། མཉམ་ལས་ཁང་བཙུགས་ཚུན་ཁོང་ཚོས་མ་དངུལ་བསྡུ་སྒྲིལ་གྱིས་དུད་ཚང་དབུལ་པོ་བཅུ་ལྷག་ཙམ་ལས་ཞུགས་ཐུབ་པ་བྱས་ཤིང་། ད་ཆ་ཐེས་དགའ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་ལོ་ཁ་ཤས་གོང་གི་སྒོར་2000ནས་མིག་སྔའི་སྒོར་ཁྲི་ཡན་བར་འཕར་ཡོད་པ་རེད།
         ད་ཕན་ལོ་ཤས་ནང་བོད་ཀྱི་ས་གནས་ཁག་གིས་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་པའི་ཁར་སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་གསར་སྤེལ་བྱ་རྒྱུ་ཚད་བརྒལ་ཡོང་གཞིར་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མའི་ལས་ཞུགས་ལ་སྐུལ་འདེད་བཏང་བ་ལས་དངུལ་སྨར་ཡོང་འབབ་མང་དུ་སོང་ཡོད་པ་རེད།
         ཐོས་དགའ་གྲོང་ཚོའི་ལོ་25ལ་སླེབས་པའི་ཀུན་བཟང་བློ་གྲོས་ནི་ད་ཆ་མཉམ་ལས་ཁང་གི“མགར་བ་རྒན་གྲས”ཤིག་རེད། མཉམ་ལས་ཁང་དུ་མ་ཞུགས་གོང་ཁོ་བོའི་ཁྱིམ་ཚང་གི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། ད་ཆ་ཁོང་གི་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར་བཞི་སྟོང་ལྔ་སྟོང་ཟིན་གྱི་ཡོད་ལ་ལོ་གསར་སྐྱིད་པོ་ཞིག་ཀྱང་གཏོང་རྒྱུ་བྱུང་ཡོད་པ་རེད།
         བོད་ཀྱི་ལོ་གསར་མ་ཤར་གོང་ལྷ་ས་དང་གཞིས་རྩེ་སོགས་གྲོང་ཁྱེར་དུ་རིན་སྤུངས་རྫོང་ཁང་གཞུང་ཤང་ནས་ཡིན་པའི་ཞིང་འབྲོག་པ་ཁྲོམ་གཞུང་གང་སར་མཐོང་རྒྱུ་ཡོད། ཁོང་ཚོས་བོད་རིགས་ཁྱིམ་དུ་ལོ་གསར་གཏོང་སྐབས་མཁོ་བའི་རྩེ་སྒྲོ་འཚོང་གི་ཡོད། ལག་ཤེས་དེར་བརྟེན་ནས་ཁང་གཞུང་ཤང་གི་དུད་ཚང་དབུལ་པོ་དེ་བས་མང་བས“དབུལ་ཞྭ”འབུད་ཐུབ་པ་བྱུང་བ་རེད།
         ཁང་གཞུང་ཤང་ལ་ཆ་མཚོན་ན། ལག་ཤེས་པ་རྒན་གྲས་པ་སངས་ཀྱི་ལག་རྩལ་ནི་ཨང་དང་པོ་ཡིན་ཞིང་། གཞོན་ནུ་དེ་བས་མང་བར་རྩེ་སྒྲོ་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་སྐུལ་ལྕག་གཏོང་ཆེད་ཁང་གཞུང་ཤང་གིས་2008ལོ་ནས་བཟུང་རྩེ་སྒྲོ་བཟོ་རྩལ་གསོ་སྦྱོང་འཛིན་གྲྭ་གཉེར་ཡོད། རིམ་རྩིས་བྱས་ན་འབྲེལ་ཡོད་དབུལ་སྐྱོར་གསོ་སྦྱོང་མ་དངུལ་སྒོར་ཁྲི་བརྒྱ་ཡན་རེ་ཞུ་བྱས་པ་དང་མི་ཐེངས་སྟོང་ལྷག་ཙམ་གསོ་སྦྱོང་བྱས་ཡོད་པ་རེད།
         “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་མཉམ་ལས་ཁང་25གཏན་འཁེལ་བྱས་པ་དང་སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་32སྐྱེད་སྲིང་བྱས་པའི་ནང“གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གནས་རྙིང་ཤང་གི་བོད་བཟོའི་ཁྱིམ་ཆས་ལས་སྣོན་ཆེད་ལས་མཉམ་ལས་ཁང”དང་། “གྲ་ནང་རྫོང་གི་ཞིབ་བརྐོས་བཟོ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང” “སྣེ་གདོང་རྫོང་གི་མི་རིགས་ལག་ཤེས་ཐེར་མ་འཁེལ་འཐག་ཆེད་ལས་མཉམ་ལས”སོགས་ཚུད་ཡོད་པ་དང་མཉམ་ལས་ཁང་དེ་དག་གིས་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།