འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིང་ཞ་ཡིས་དུད་ཚང་ཁྲི་30ཡི་གསང་སྤྱོད་སྒྱུར་བཀོད་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་25ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་22ཉིན་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། མ་འོངས་ལོ་ལྔའི་ནང་ཉིང་ཞ་ཡིས་PPPརྣམ་པ་སྤྱད་དེ་མ་རྩ་མཉམ་འདྲེས་ཀྱི་འཁོར་སྐྱོད་གཉེར་སྐྱོང་བྱས་ནས་ལྗོངས་ཡོངས་ཀྱི་གྲོང་གསེབ་ཏུ་གྲོང་གསེབ་ཁ་ཐོར་རྣམ་པའི་བཙོག་ཆུ་གཙང་སེལ་རྣམ་གྲངས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་ཆབས་ཅིག་དུད་ཚང་ཁྲི་30ཡི་གསང་སྤྱོད་སྒྱུར་བཀོད་བྱས་ནས་ཞིང་པ་མང་ཚོགས་ཀྱི“གསང་སྤྱོད་དཀོན་པའི”གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱ་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། གྲོང་གསེབ་ཀྱི་ཁ་ཐོར་རྣམ་པའི་བཙོག་ཆུ་གཙང་སེལ་རྣམ་གྲངས་ནི་སྐྱེ་དངོས་ཕྲ་རབ་རང་བཞིན་སྤྱད་དེ་སྦགས་བཙོག་དངོས་པོ་ཉུང་དུ་གཏོང་བའི་རྒྱུ་རྐྱེན་ཞིག་ཡིན་པ་དང་། བཙོག་ཆུ་གཙང་སེལ་ཐུབ་པ་དང་གཙང་སེལ་བྱས་རྗེས་ཀྱི་འཚོ་བའི་བཙོག་ཆུ་ཞིང་ཆུ་འདྲེན་པའམ་ཡང་ན་དེ་མིན་དུ་སྤྱོད་རྒྱུ་རེད། ཉིང་ཞ་འདི་ཉིད་རྒྱལ་ཡོངས་ཀྱི་གྲོང་གསེབ་བཙོག་ཆུ་གཙང་སེལ་ཚོད་ལྟ་བྱ་ཡུལ་ཞིང་ཆེན་(རང་སྐྱོང་ལྗོངས)དུ་གཏན་འཁེལ་བྱས་ཤིང་། མིག་སྔར་ཝུའུ་ཀྲུང་གྲོང་ཁྱེར་ལི་ཐུང་ཆུས་ཏུང་ཐ་དགོན་ཤང་མུའུ་མིང་གྲོང་གསར་དང་། ཆིང་ཐུང་ཞ་གྲོང་ཁྱེར་ཞ་ཁོའུ་གྲོང་རྡལ་ཀྲའོ་ཆུས་གྲོང་གསར། ཧོ་ལན་རྫོང་ཧུང་ཀོང་གྲོང་རྡལ་ཅིན་ཤིན་གྲོང་བཅས་སུ་ཁ་ཐོར་རྣམ་པའི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་སེལ་དང་ཆུ་བཤལ་རྣམ་པའི་གསང་སྤྱོད་སྒྱུར་བཀོད་ཀྱི་འཛུགས་སྐྲུན་ལས་གྲྭ་སྔོན་ལ་ཚོད་ལྟ་བྱས་པར་འཁོར་རྒྱུག་རྣམ་པ་ཡག་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།