འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་དངུལ་ཁང་གིས་དངུལ་བུན་སྒོར་དུང་ཕྱུར་3000བཏང་ནས་ཡུན་ནན་གྱི“ལོ་ལྔ་ཚན་
    བཅུ་གསུམ་པའི”འཕེལ་རྒྱས་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་25ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཞིང་ལས་དངུལ་ཁང་གིས་ཁུན་མིང་དུ་《ཡུན་ནན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཐབ་ཇུས་མཉམ་ལས་གྲོས་མཐུན་》ལ་མིང་རྟགས་བཀོད་དེ་མ་འོངས་ལོ་ལྔའི་ནང་ཞིང་ལས་དངུལ་ཁང་གིས་རྒྱལ་ཁབ་ཀྱིས་ཡུན་ནན་ཞིང་ཆེན་ལ་ལག་བསྟར་བྱས་པའི་འཐབ་ཇུས་འཆར་འགོད་དང་ཡུན་ནན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། ཡུན་ནན་ཞིང་ཆེན་གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་དང་། གཙོ་གནད་ཐོན་ལས། དབུལ་སྐྱོར་འགག་སྒྲོལ་སོགས་ཀྱི་ཐད་བསྡོམས་འབོར་མི་དམངས་ཤོག་སྒོར་སྒོར་དུང་ཕྱུར་3000ལས་མི་དམའ་བའི་དམིགས་བྱའི་རང་བཞིན་ཡོད་པའི་ཡིད་རྟོན་དངུལ་བཏང་ནས་ཡུན་ནན་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད།
        ཉེ་བའི་ལོ་ཤས་རིང་། “རྒྱུད་གཅིག་ལམ་གཅིག”དང་འབྲི་ཆུའི་དཔལ་འབྱོར་ཁུལ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱས་པ་དང་ཆབས་གཅིག ཡུན་ནན་འདི་ཉིད་མཐའ་མཚམས་ས་ཁུལ་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་འགོར་བ་ནས་སྒོ་དབྱེ་མདུན་ཕྱོགས་དང་ཁྱབ་འགྱེད་ལྟེ་གནས་སུ་གྱུར་ནས་འཐབ་ཇུས་ཀྱི་གནས་བབ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཀྲུང་གོ་ཞིང་ལས་དངུལ་ཁང་གིས་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་ཡུན་ནན་ཞིང་ཆེན་གྱི་ས་ཁོངས་ཁྱད་ཆོས་ལ་གཞིགས་ནས། ནུས་རྒྱུ་དང་། གཏེར་ཐོན། དེ་བཞིན་མདོག་ལྡན་ལྕགས་རིགས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རིག་གནས་ཐོན་ལས། ས་མཐོའི་ཁྱད་ལྡན་ཞིང་ལས། དབུལ་སྐྱོར་འགག་སྒྲོལ། དམངས་འཚོའི་འདུ་འགོད་སོགས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་དང་གཙོ་གནད་ཐོན་ལས་ལ་སྔོན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། ཡུན་ནན་གྱིས་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤ་ཡའི་ཤར་ལྷོའི་ས་ཁུལ་ལ་ཁ་ཕྱོགས་པའི་དངུལ་རྩའི་ཞབས་ཞུའི་ལྟེ་གནས་བསྐྲུན་རྒྱུར་ཞབས་འདེགས་ཧུར་ཐག་ཞུས་ནས་དངུལ་རྩའི་གསར་གཏོད་སྒོ་དབྱེའི་ལས་དོན་ཐུན་མོང་ཐོག་ཡག་པོ་སྒྲུབ་པ་དང་། ཞབས་ཞུའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། ཞབས་ཞུའི་ཐོན་རྫས་གསར་གཏོད་བཅས་བྱས་ཏེ་གཙོ་གནད་རྣམ་གྲངས་དང་ཐོན་ལས་ལ་ཕྱོགས་ཡོངས་ཀྱི་དངུལ་རྩའི་ཐོན་རྫས་དང་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་ཡུན་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ལོ་སྟོད་དུ། ཞིང་ལས་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ་དང་། མ་རྩ་བསྡུ་སྒྲིལ་གྱི་རྣམ་པ་གསར་གཏོད་བྱེད་པ། དངུལ་རྩའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཡུན་ནན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལ་དམིགས་ཏེ་གཙོ་བོ“དྲ་ལྔའི”འཛུགས་སྐྲུན་དང་། ས་མཐོའི་ཁྱད་ལྡན་ཐོན་ལས། དབུལ་སྐྱོར་འགག་སྒྲོལ་སོགས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད། ཟླ་དང་པོའི་ཟླ་མཇུག་བར། ཞིང་ལས་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཡུན་ནན་གྱི་གཞུང་ལམ་འཛུགས་སྐྲུན་དང་། ཁུན་མིང་གི་ལྕགས་ལམ་འགྲིམ་འགྲུལ། ཆུ་བེད་ལས་གྲྭ དབུལ་སྐྱོར་འགག་སྒྲོལ་སོགས་ལ་དངུལ་བུན་སྒོར་དུང་ཕྱུར་50.5བཏང་བ་དང་ཞིང་ཕན་གཏོང་སྤྲོད་ས་ཚིགས་275གསར་དུ་བསྐྲུན་པས་ཤང་གྲོང་ལ་ཁྱབ་ཚད་93.75%ཟིན་ནས་ཡུན་ནན་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།