འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ཟླ་དང་པོར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་
    དགོངས་དོན་ལས་འགལ་བའི་གནད་དོན་3945ཞིབ་བཤེར་ཐག་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་25ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚུགས་ཐོག་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2016ལོའི་ཟླ་དང་པོར་རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་གནད་དོན་3946ཞིབ་གཅོད་བྱས་པ་དང་། མི་གྲངས་5459ལ་ཆད་པ་བཅད་པ། མི་གྲངས་4480ལ་ཏང་སྒྲིག་དང་སྲིད་སྒྲིག་གི་ཆད་པ་བཅད་ཡོད་པ་རེད།
         རྒྱལ་ཡོངས་སུ་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཁོང་དུ་ཆུད་པ་བྱ་ཆེད། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཞིང་ཆེན་དང་། ལྗོངས། གྲོང་ཁྱེར་31དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་139ཀྲུང་དབྱང་ཁེ་ལས་111ཀྲུང་དབྱང་དངུལ་རྩའི་ཁེ་ལས་15བཅས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཚུལ་གྱི་ཟླ་རེའི་སྙན་ཞུའི་ལམ་ལུགས་བཙུགས་ཡོད་པ་རེད།
         ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། 2016ལོའི་ཟླ་དང་པོར་གནད་དོན་3945ཞིབ་གཅོད་བྱས་པའི་ནང་ཕོགས་སྣོན་ནམ་ཡང་ན་ཕན་བདེའི་དངུལ་སྒྲིག་འགལ་ངང་སྤྲད་རིགས་1045དང་། ལག་རྟགས་དང་འབུལ་རྟེན་སྒྲིག་འགལ་ངང་ལེན་སྤྲོད་བྱས་རིགས་800གཞུང་འཁོར་སྒྲིག་འགལ་ངང་སྒྲིག་སྦྱོར་དང་སྤྱད་པའི་རིགས་640སྒྲིག་འགལ་ངང་གཞུང་དངུལ་སྤྱད་ནས་བཟའ་འཐུང་བྱས་རིགས་484འཆི་གོད་དང་གཉེན་སྒྲིག་རྒྱས་གཉེར་བྱས་རིགས་462ཚད་གཞི་ལས་བརྒལ་བའི་སྣེ་ལེན་བྱས་པའམ་ཡང་ན་དང་ལེན་བྱས་པ་དང་། འཛད་སྤྱོད་མཐོ་བའི་རོལ་རྩེད་ལུས་སྦྱོང་བྱེད་སྒོ་དང་ལེན་བྱས་པའམ་ཡང་ན་དེའི་ནང་ཞུགས་པ། མི་སྒེར་གྱི་འདུ་གནས་ལ་སྒྲིག་འགལ་ངང་འགྲོ་འོང་བྱས་པ། འགོ་ཁྲིད་ལས་བྱེད་པའི་སྡོད་ཁང་བཅས་ཐད་ཀྱི་སྒྲིག་འགལ་གནད་དོན་189གཞུང་དངུལ་སྤྱད་ནས་ཡུལ་སྐོར་བྱས་རིགས་276ཐོག་ཁང་དང་ཟ་ཁང་གི་སྒྲིག་འགལ་གནད་དོན་49བཅས་ཚུད་ཡོད། ཟླ་དང་པོར་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་དབང་གིས་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་པའི་ལས་བྱེད་པའི་ཁྲོད་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་79དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་405ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།