འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་པུས“ཐོན་ལས་དང་དབུལ་སྐྱོར”ཟུང་འབྲེལ་བྱས་ནས་གྲོང་གསེབ་ཀྱི་དུད་ཚང་
    དབུལ་པོར་དབུལ་སྒྲོལ་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་25ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཞིང་ལས་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས་དབུལ་སྐྱོར་འགག་སྒྲོལ་དེ་ཐོན་ལས་ཀྱི་དབུལ་སྐྱོར་འདེགས་སྐྱོར་དང་ཁ་བྲལ་ཐབས་མེད་པ་དང“ཐོན་ལས་དང་དབུལ་སྐྱོར”ཟུང་འབྲེལ་མངོན་གསལ་དུ་ཐོན་པ་བྱས་ཏེ་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཡིག་ཚགས་དང་གཱ་བཟོས་ནས་དུད་ཚང་དབུལ་པོ་དབུལ་སྒྲོལ་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད།
         ཧན་ཁྲང་ཧྥུའུ་ཡིས་ཞིང་ལས་པུའུ་ཡི་ངེས་གནས་དབུལ་སྐྱོར་བཞུགས་མོལ་ཚོགས་འདུའི་ཐོག་གོང་གསལ་གྱི་གཏམ་བཤད་དེ་གནང་ཞིང་། ཁོང་གིས་ཐོན་ལས་ནི་འཕེལ་རྒྱས་ཀྱི་རྩ་བ་ཡིན་པ་དང་ས་ཁུལ་མི་འདྲ་བས་ས་གནས་དེ་གའི་དོན་དངོས་དང་བསྟུན་ནས་ཐོན་ཁུངས་རང་སྤུས་དང་། ཐོན་ལས་ཀྱི་རྨང་གཞི། ཁྲོམ་རའི་དགོས་མཁོ། སྣོད་བཅུད་ཁོར་ཡུག་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཐོག་བསམ་བློ་བཏང་ནས་རང་ངོས་འཕེལ་རྒྱས་དང་འཚམ་པའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་བདམས་ནས་ཞིང་ལས་འཚམ་སར་ཞིང་ལས་བྱེད་པ་དང་། སྔོ་ཚལ་འཚམ་སར་སྔོ་འཚལ་འདེབས་པ། ཤིང་འབྲས་འཚམ་སར་ཤིང་འབྲས་འདེབས་པ། རྩྭ་འདེབས་འཚམ་སར་རྩྭ་འདེབས་པ། འབྲོག་ལས་འཚམ་སར་འབྲོག་ལས་བྱེད་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
         “ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་སྣེ་འདྲེན་གྱི་སྣེ་ཁྲིད་དང་ཁ་བྲལ་ཐབས་མེད། ས་ཁུལ་དབུལ་པོས་གསར་དར་གཉེར་སྐྱོང་གི་བྱེད་པོའི་སྣེ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་ས་ཁུལ་དབུལ་པོའི་འདེབས་འཛུགས་གསོ་ཚགས་དུད་ཚང་ཆེ་མོ་དང་། ཞིང་པའི་མཉམ་ལས་ཁང་། སྣེ་འདྲེན་ཁེ་ལས་སོགས་རྒྱ་སྟོབས་ཆེ་རུ་བཏང་ནས་གསར་དར་གཉེར་སྐྱོང་བྱེད་པོ་དང་དུད་ཚང་དབུལ་པོའི་དབར་སྣེ་ཁྲིད་ཀྱི་འབྲེལ་བ་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པ་དང་དུད་ཚང་དབུལ་པོར་ཐོན་ལས་འབྲེལ་ཐག་ཞབས་ཞུའི་ལས་དོན་སྤེལ་ནས་ཐོན་ལས་ཀྱི་གནས་ཐང་འཕར་བའི་ནུས་པ་ཆེ་རུ་གཏོང་བ་དང་ངལ་རྩོལ་ནུས་ཤུགས་སྐྱོར་བའི་ལས་ཞུགས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས”ཞེས་ཧན་ཁྲང་ཧྥུའུ་ཡིས་གསུངས་པ་རེད།
         གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་པུས་《ས་ཁུལ་དབུལ་པོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་གནད་སྨིན་དབུལ་སྐྱོར་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་བསམ་འཆར་》ལ་ཞིབ་འཇུག་བྱས་ནས་འཆར་ཟིན་བཀོད་ཟིན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་ལ་གྲོས་ཞིབ་བྱ་རྒྱུར་མགྱོགས་མྱུར་འབུལ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་པུའུ་ནི་1986ལོར་ངེས་གནས་དབུལ་སྐྱོར་ལས་དོན་ཁག་དང་པོ་སྤེལ་མཁན་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་བཅུའི་གྲས་ཤིག་ཡིན་ཞིང་། ལོ་30ཡི་རིང་ཞིང་ལས་པུས་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཁོངས་གཏོགས་ཡོངས་ཀྱི་སྟོབས་ཤུགས་སྐོང་འཐེན་བྱས་ཏེ་ངེས་གནས་དབུལ་སྐྱོར་ས་ཁུལ་ལ་གཟིགས་སྐྱོང་དང་རོགས་སྐྱོར་བྱས་ཡོད། དུས་རབས་གོང་མའི་ལོ་རབས་80པ་ནས་བཟུང་ས་ཁུལ་དབུལ་པོའི་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་འབྲུ་རིགས་ཐོན་ཚད་མཐོ་རུ་གཏོང་བའི“ལྟོ་རྩ་འཕྱིད་པའི་འདུ་འགོད”ལག་བསྟར་བྱས་རྗེས་ཞིང་ལས་པུས་སླར་ཡང་དུས་རབས་འདིར་ས་ཁུལ་དབུལ་པོར“ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར”ལས་དོན་སྤེལ་རྒྱུ་འཚོལ་ཞིབ་བྱས་པ་དང་འབྲེལ་ངེས་གནས་དབུལ་སྐྱོར་ས་ཁུལ་གྱི་ལེགས་ཆའི་ཁྱད་ལྡན་ཞིང་ལས་གསར་སྤེལ་སོགས་འཆར་འགོད་ཁག་གཅིག་བཟོས་ཏེ་ས་གནས་དེ་གའི་ཐོན་ཁུངས་ཀྱི་རང་སྤུས་ལྡན་པ་དང་ཁྲོམ་རའི་དགོས་མཁོར་གཞིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གཙོ་ཁྲིད་ཐོན་ལས་གཏན་འཁེལ་བྱེད་པ་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་མ་དངུལ་རོགས་སྐྱོར་དང་། ཚན་རྩལ་ཁྱབ་གདལ། ཤེས་ལྡན་མི་སྣ་གསོ་སྐྱོང་། ཁྲོམ་རའི་ཚོང་གཉེར་སོགས་རོགས་སྐྱོར་བྱ་ཐབས་རབ་དང་རིམ་པ་སྤྱད་པར་བརྟེན་ཁྱད་ལྡན་ཐོན་ལས་ཁག་གཅིག་གྲུབ་པ་མ་ཟད། མི་འབོར་དབུལ་པོའི་རང་ངོས་འཕེལ་རྒྱས་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
         ན་ནིང་བར་ཞིང་ལས་པུའི་ངེས་གནས་དབུལ་སྐྱོར་ས་ཁུལ་གྱི་གྲས་ཡིན་པའི་ཧུའུ་པེ་ཨེན་ཧྲེ་ཡི་ཇ་ལོ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་133ཟིན་པ་དང་ཧུའུ་ནན་ཤང་ཤིས་ཀྱི་ཚ་ལུ་མའི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་107ཟིན་པ་དེ་2001ལོའི་ལྡབ་3.8དང་ལྡབ་2.3སོ་སོར་ཟིན་ནས་ཨེན་ཧྲེ་དང་ཤང་ཤིས་ཀྲོའུ་གཉིས་ཀྱི་ཞིང་པའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2001ལོ་ལས་ལྡབ་5ལྷག་ཙམ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།