འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།དཀར་མཛེས་ཀྲོའུ་ཡིས“རྒྱལ་ཡོངས་ཀྱི་སྔོན་ཐོན་དང་བོད་རིགས་ས་ཁུལ་གྱི་རྩེ་གྲ་ཡིན་
    པའི”ཆ་འཕྲིན་ཅན་གྱི་སྟོབས་ཆེའི་ཀྲོའུ་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་25ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སི་ཁྲོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས་དང་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྲིད་གཞུང་དབར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། གྲོས་མཐུན་གཞིར་བཟུང་། ཕྱོགས་གཉིས་པོས“རྒྱལ་ཡོངས་ཀྱི་སྔོན་ཐོན་དང་བོད་རིགས་ས་ཁུལ་གྱི་རྩེ་གྲ་ཡིན་པའི”འཕྲིན་གཏོང་དང་ཆ་འཕྲིན་ཅན་གྱི་སྟོབས་ཆེའི་ཀྲོའུ་བསྐྲུན་རྒྱུར་དམིགས་ཏེ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་དཀར་མཛེས་ཀྲོའུ་ཡི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས“དྲ་ཆེན་ཀྲུང་གོ”དཀར་མཛེས་ཀྲོའུ་རུ་ཆགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཐོག་དཀར་མཛེས་ཀྲོའུ་ཡི་འཕྲིན་གཏོང་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་རེད།
         སི་ཁྲོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས་ཀྱིས་ཕྱོགས་བཞིའི་ཐད་ནས་དཀར་མཛེས་ཀྲོའུ་ཡིས་འཕྲིན་གཏོང་དང་ཆ་འཕྲིན་ཅན་གྱི་སྟོབས་ཆེའི་ཀྲོའུ་བསྐྲུན་རྒྱུར་རོགས་རམ་བྱ་རྒྱུ་སྟེ། གཅིག་ནས་དཀར་མཛེས་ཀྲོའུ་ཡི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་འཕེལ་རྒྱས་ཀྱི་འཐབ་ཇུས་འགོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཆར་འགོད་སྣེ་ཁྲིད་མངོན་འགྱུར་བྱ་རྒྱུ་དང་། གཉིས་ནས“དྲ་ཆེན་ཀྲུང་གོའི”འཐབ་ཇུས་དཀར་མཛེས་ཀྲོའུ་རུ་དོན་འཁྱོལ་དང་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། གསུམ་ནས་གློག་འཕྲིན་ཀུན་ཁྱབ་ཞབས་ཞུའི་ཚོད་ལྟའི་ས་ཚིགས་གོ་སྐབས་སུ་བྱས་ཏེ་གྲངས་འཛིན་གྱི་ཧེ་བག་ཆུང་དུ་གཏོང་རྒྱུ། བཞི་ནས་ཆ་འཕྲིན་ཅན་གྱི་བཀོལ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས“དྲ་སྦྲེལ+” འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད།
         དཀར་མཛེས་ཀྲོའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་དཀར་མཛེས་ཀྲོའུ་ཡིས་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ས་ཆ། གློག མ་དངུལ་ཁ་གསབ། འགྲིམ་འགྲུལ་ལམ་རྒྱུད་ཀྱི་ཐོན་ཁུངས་སྒོ་དབྱེ། སྲིད་འཛིན་གྱི་ཆོག་འཐུས་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱས་ཏེ་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབྲེལ་ལམ་སྲོལ་འཛུགས་པ་དང་། རྒྱུ་རྐྱེན་གཙོ་བོ་འགན་ལེན། འཆར་འགོད་དང་ཇུས་འགོད་སོགས་ཀྱི་ལས་དོན་དཔྱད་ཞིབ་ནང་བཅུག་ནས་འཕྲིན་གཏོང་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།