འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཀྱིས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་ཞི་བདེ་དགོན་ཉམས་གསོ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་25ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ3པའི་ཟླ་མཇུག་ནས་བཟུང་རྒྱལ་ཁབ་ཀྱིས་གཙོ་གནད་རིག་དངོས་སྲུང་སྐྱོང་གི་ཆེད་དོན་ཁ་གསབ་མ་དངུལ་སྒོར་ཁྲི་1500བཏང་ནས་ལྷ་སའི་ཞི་བདེ་དགོན་པའི་སྲུང་སྐྱོང་ལས་དོན་ལ་སྤྱོད་རྒྱུ་ཡིན་ཞིང་། རིག་དངོས་ཨར་སྐྲུན་དེར་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་གི་གཞི་ཁྱོན་ཆེ་བའི་ཉམས་གསོ་བྱེད་ཐེངས་དང་པོ་དེ་ཡིན་པ་རེད། ཉམས་གསོ་ཟིན་རྗེས་ཀྱི་ཞི་བདེ་དགོན་དེ་རྟེན་རྫས་བཤམས་མཛོད་ཁང་གི་རྣམ་པའི་ཐོག་ནས་མང་ཚོགས་ལ་སྒོ་དབྱེ་རྒྱུ་རེད།
         ཞི་བདེ་དགོན་ནི་ལྷ་ས་གྲོང་ཁྱེར་གྱི་འཁྲུག་ཆ་དོད་ཁུལ་དུ་གནས་ཡོད། དེ་ནི་དེ་སྔོན་རྭ་སྒྲེང་སྤྲུལ་སྐུ་ལྷ་སར་ཕེབས་སྐབས་ཀྱི་བཞུགས་གནས་ཡིན་པ་དང་སྤྱི་ལོའི་དུས་རབས་9པར་ཕྱག་བཏབ་པ་ཞིག་རེད། བོད་ཞི་བས་བཅིངས་འགྲོལ་གཏོང་བའི་སྔ་རྗེས་སུ་ཞི་བདེ་དགོན་པར་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་གཏོར་སྐྱོན་ཕོག་ཡོད། དེ་སྔོན་ཐོག་སོ་གཉིས་ཡོད་པ་ནས་ད་ཆ་ཐོག་སོ་གཅིག་ཀྱང་མ་ཟིན་པའི་གྱང་གོག་ཏུ་གྱུར་ཡོད།
         བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཆོས་སྒྲོན་གྱིས་ངོ་སྤྲོད་བྱས་པར། ད་རེས་ཉམས་གསོ་བྱེད་སྐབས་དུས་རབས20པའི་ལོ་རབས50ཡི་ལོ་རྒྱུས་ཀྱི་འདྲ་པར་ལ་དཔེ་བལྟས་ནས་ཉམས་གསོ་བྱ་རྒྱུ་ཡིན་ལ། རིག་དངོས་ལ་སྔར་ཡོད་ཀྱི་བཟོ་དབྱིབས་དང་། བཀོད་པ། སྒྱུ་རྩལ་གྱི་ཉམས་འགྱུར་བཅས་སོར་འཇོག་གི་རྨང་གཞིའི་ཐོག་ཉམས་གསོ་བྱ་རྒྱུ་ཡིན་པ་རེད། གཏོར་སྐྱོན་ཚབས་ཆེན་ཕོག་ནས་འཛུགས་སྐྲུན་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་གྱང་བཤིག་ནས་བསྐྱར་སྐྲུན་བྱ་རྒྱུ་ཡིན་པ་དང་། སེར་ཁ་གས་པའི་གྱང་ངོས་ཁག་གཅིག་ལ་ཨར་འདམ་བརྒྱངས་ནས་ཉམས་གསོ་བྱ་རྒྱུ་ཡིན་པ། ད་ཡོད་ཀྱི་གྱང་ངོས་དང་ལྡེབས་རིས་ལ་ཆེད་ལས་ཐོབ་ཐང་ལྡན་པའི་ཚན་པས་ཆེད་དོན་སྲུང་སྐྱོང་དང་འཆར་བཀོད་བྱ་རྒྱུ་ཡིན་པ་རེད། ཁོང་གིས“ཉམས་གསོ་བྱས་ཟིན་རྗེས་ཀྱི་ཞི་བདེ་དགོན་དེ་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་ལ་སྤྱོད་རྒྱུ་རེད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།