འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ནགས་སྲུང་བ་ཁྲི་10ཡིས་ནགས་ཚལ་སྲུང་སྐྱོང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་25ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ཉིན་ལྟར་དོ་དམ་དང་སྲུང་སྐྱོང་བྱ་ཡུལ་ས་ཁོངས་ནང་སྐོར་གཡེང་བྱེད་པ་དང་རིར་སྐོར་གཡེང་བྱེད་པའི་ཉིན་ཐོ་བྲིས་ནས‘སྔོན་འགོག་བརྒྱད’ཀྱི་ལས་འགན་ཏན་ཏིག་སྒྲུབ་པ་དང་ནགས་ལས་དོ་དམ་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་སྤྱི་ཕན་ནགས་སྲུང་དྲིལ་བསྒྲགས་བྱེད་སྒོ་སྤེལ་གྱི་ཡོད” 2015ལོའི་ཟླ་11ཚེས་15ཉིན་ནས་2016ལོའི་ཟླ་5ཚེས་31ཉིན་བར་ནི་བོད་ཀྱི་ནགས་ཚལ་མེ་ཟོན་སྔོན་འགོག་གི་དུས་ཚོད་ཡིན་པ་དང་དེའི་རིང་སྐོར་གཡེང་སོགས་བྱེད་པའི་ལས་དོན་དེ་དག་ཚང་མ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་ས་སྡིངས་གྲོང་ཚོའི་ནགས་སྲུང་བ་ཚེ་འཕེལ་གྱིས་ཉིན་ལྟར་སྒྲུབ་དགོས་པའི་ལས་ཀ་ཡིན།
         ནགས་སྲུང་བ་ཁག་དང་པོའི་གྲས་ཤིས་ཡིན་པའི་ཚེ་འཕེལ་གྱིས་ལས་ཀ་དེ་བྱས་ནས་ད་བར་ལོ་20ལྷག་ཙམ་འགྲོ་གི་ཡོད་པ་དང་ཁོང་གིས་དོ་དམ་དང་སྲུང་སྐྱོང་བྱ་ཡུལ་གྱི་ནགས་ཚལ་དེ་དག་རང་ཉིད་ཀྱི་ཕྲུ་གུ་ལྟ་བུར་བརྩིས་ནས་སྲུང་སྐྱོང་བྱེད་ཀྱི་ཡོད།
         ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཕན་ནགས་ཚལ་དོ་དམ་དང་སྲུང་སྐྱོང་བྱེད་པའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། 2015ལོའི་ཟླ་1ཚེས་1ཉིན་ནས་བཟུང་བོད་ཀྱི་《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་བྱེད་ཐབས་(ཚོད་ལྟའི་ལག་བསྟར་)》དང་པོ་དེ་ལག་བསྟར་བྱས་ཤིང་། 《བྱེད་ཐབས་》ཀྱི་གཏན་འབེབས་གཞིར་བཟུང་། ནགས་སྲུང་བས་མེ་སྐྱོན་སྔོན་འགོག་དང་། ནད་འབུ་སྔོན་འགོག ལྐོག་གཅོད་སྔོན་འགོག ལྐོག་སྔོག་སྔོན་འགོག ལྐོག་འདྲེན་སྔོན་འགོག ས་བཟུང་སྔོན་འགོག གཏོར་བཤིག་སྔོན་འགོག་བཅས“སྔོན་འགོག་བརྒྱད”ཀྱི་འགན་འཁྲི་འཁུར་གྱི་ཡོད་པ་རེད།
         མིག་སྔར་བོད་ལ་སྤྱི་ཕན་ནགས་ཚལ་མུའུ་དུང་ཕྱུར་1.5ལྷག་ཙམ་ཡོད་པ་དེས་ལྗོངས་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་གྱི་90%ཡན་བཟུང་ཡོད། ལྗོངས་ཡོངས་སུ་ནགས་སྲུང་བ་102786ལྷག་ཙམ་ཡོད་པ་དང་2015ལོར་རྒྱལ་ཁབ་ཀྱིས་བཏང་བའི་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་མ་དངུལ་སྒོར་དུང་ཕྱུར་7ལྷག་ཙམ་དེ་དག་ནགས་སྲུང་བའི་དོ་དམ་སྲུང་སྐྱོང་གི་ཁ་གསབ་ཐད་སྤྱད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།