འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་རྩལ་བྱེད་སྒོ་སྣ་ཚོགས་སྤེལ། དཔྱིད་གསར་སྐྱེལ་འདྲེན་འཁྲུག་ཆ་དོད།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་05ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཟླ་2ཚེས་3ཉིན། ལྷ་ས་ནས་ཧྲང་ཧའེ་རུ་སྐྱོད་པའི་མེ་འཁོར་ཨང་གྲངས་Z166ནག་ཆུ་སྒྲོལ་བཞིན་ཡོད་ཅིང་། “ཡང་བསྐྱར་གཞས་ཤིག་གཏོང་དང”ཞེས་མེ་འཁོར་ནང་དགའ་འབོད་དང་ཐལ་མོའི་རྡེབ་སྒྲས་ཁེངས་བཞིན་ཡོད་པས། འཁྲུག་ཆ་དོད་ལ་དྲོ་སྐྱིད་ཀྱི་རྣམ་པ་ཞིག་མངོན། མེ་འཁོར་དེའི་རིག་རྩལ་ཡན་ལག་ཚོགས་ཆུང་གི་རུ་མི་ཚོས་ལས་རེས་ཀྱི་བར་འཚམས་སུ་འགྲུལ་པ་ཚོར་རང་རྩོམ་རང་འཁྲབ་བྱས་པའི་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་པ་རེད།
          མེ་འཁོར་གྱི་ཞབས་ཞུ་བ་ཚོས་མཚོ་བོད་ལྕགས་ལམ་རྒྱུད་ཀྱི་མཛེས་ལྗོངས་དག་བརྩེ་བ་ཟབ་མོ་ལྡན་པའི་སྙན་ངག་གི་ལམ་དུ་དྲངས་ནས་མེ་འཁོར་ཐོག་གི་འགྲུལ་པ་ཚོར་གྱེར་འདོན་བྱས་པས། དགའ་བསུ་ཡང་ཡང་ཐོབ། མེ་འཁོར་གྱི་འགོ་འཛིན་ཝང་ཏུང་ཧུའེ་ཡིས་གསར་འགོད་པར“དེ་ནི་ང་ཚོའི་ལེ་ཚན་ཡག་ཤོས་དེ་རེད། ང་ཚོས་སྙན་ངག་དེ་བརྩམས་པར་བསམ་བློ་མང་པོ་བཏང་ཡོད། ང་ཚོས་འགྲུལ་པ་ཚོས་མཚོ་བོད་ས་མཐོའི་མཛེས་ལྗོངས་གྲགས་ཅན་ལ་རྒྱུས་ལོན་ཐུབ་པ་བྱས་པ་མ་ཟད་ད་དུང་མེས་རྒྱལ་ལ་དགའ་ཞེན་དང་མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་ཟབ་མོའང་བཅུག་ཡོད”ཅེས་བཤད། ལག་བརྡའི་ལེ་ཚན་《གཅེས་སེམས་》ཞེས་པས་ལོ་9སླེབས་མ་ཐག་པའི་ཚེ་རིང་དབང་མོའི་ཡིད་དབང་འཕྲོག་ཏེ་མིག་ཅེར་རེར་ལྟ་བཞིན་མཉམ་དུ་ཐལ་མོ་བརྡབས། མཐར་མཉམ་གཞས་《གླུ་དབྱངས་དང་འཛུམ་མདངས་》ཞེས་པ་ལས་འཁྲབ་སྟོན་གྱི་མཐོ་རླབས་འཕྱུར། སྐབས་དེར་མེ་འཁོར་ནང་གི་འགྲུལ་པ་ཚོའི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་འགྲུལ་པ་ཁག་གཅིག་གིས་མ་སྐུལ་དང་བླངས་ཀྱིས་ཚང་མར་གླུ་གཞས་བཏང་བ་དེས་མེ་འཁོར་ནང་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས། འཁྲབ་སྟོན་བྱེད་པའི་སྐབས་དང་བསྟུན་ནས་མེ་འཁོར་འགོ་འཛིན་དང་མེ་འཁོར་ཉེན་རྟོག་པས་ད་དུང་འགྲུལ་པ་ཚོར་ཕྱིར་སྐྱོད་སྐབས་དོ་སྣང་བྱེད་དགོས་པའི་དོན་གནད་དང་མེ་འཁོར་ནང་གི་རྐུན་འགོག་རྒྱུན་ཤེས་འགྲེལ་བཤད་བརྒྱབ།
         ལས་ཀ་བོད་དུ་ཡོད་པའི་མཚོ་སྔོན་གྱི་འགྲུལ་པ་ཚེ་རིང་ཐར་གྱིས་གསར་འགོད་པར་མེ་འཁོར་ཐོག་དཔྱིད་གསར་སྐྱེལ་འདྲེན་གྱི་ཞབས་འདེགས་ཡག་པོ་དེ་འདྲ་ཞུ་བཞིན་ཡོད་པས། དེ་རང་ཉིད་སྔར་ནས་ད་བར་མེ་འཁོར་ལ་བསྡད་དེ་ཁྱིམ་དུ་ལོག་པའི་རྒྱུ་མཚན་ཞིག་ཡིན་ཞེས་བཤད། ༼འདི་ག་ཚགས་པར་གྱི་གསར་འགོད་པ། བཀྲ་ཤིས་ཀྱིས།༽
      

    ཕྱོགས་བསྡུས་གསར་འགྱུར།