འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་བྱིས་པའི་ཚན་ཁག་ཏུ་ནད་ལྟ་དཀའ་བའི་དུས་ཚིགས་
    རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་05ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ས་ཆ་ཁག་གཅིག་གི་བྱིས་པའི་ཚན་ཁག་ཏུ་སྨན་བཅོས་ཞབས་ཞུའི་ནུས་པ་མི་འདང་བ་དང་མཁོ་སྤྲོད་འགལ་ཟླ་མངོན་གསལ་དོད་པའི་གནད་དོན་ཐོན་ནས་སྤྱི་ཚོགས་ཡོངས་ཀྱི་དོ་ཁུར་ཆེན་པོ་བྱས་ཤིང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་བྱིས་པའི་ཚན་ཁག་གི་སྨན་བཅོས་ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་དྲ་ཐོག་ནས་སྨན་བཅོས་བྱེད་པའི་ལམ་སྲོལ་འཛུགས་པ་དང་བྱིས་པའི་ཚན་ཁག་གི་སྨན་བཅོས་སྟོབས་ཤུགས་བཀོད་སྒྲིག་ལུགས་མཐུན་བྱས་ནས་དུས་ཚིགས་རང་བཞིན་གྱི་ནད་ཐོན་མང་བའི་དུས་སྐབས་ཀྱི་བྱིས་པའི་ཚན་ཁག་གི་སྨན་བཅོས་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
         རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བས། ཉེ་དུས་ཐོན་པའི་བྱིས་པའི་ཚན་ཁག་གི་སྨན་བཅོས་ཞབས་ཞུའི་གནད་དོན་ནི་དུས་ཚིགས་རང་བཞིན་གྱི་ནད་ཐོན་མང་བ་ལས་ཆ་ཤས་རང་བཞིན་དང་། དུས་མཚམས་རང་བཞིན། གྲུབ་ཆའི་རང་བཞིན་བཅས་ཀྱི་སྨན་བཅོས་ཐོན་ཁུངས་མི་འདང་བའི་ཁར། སློབ་མ་གུང་གསེང་བཞག་རྐྱེན་བྱིས་པའི་དུས་ཚིགས་རང་བཞིན་གྱི་ནད་དང་རྒྱུན་ཐོན་ནད་རིགས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་མི་འདང་བ་གཙོ་བོ་མངོན་གྱི་ཡོད། ས་ཆ་ཁག་གིས་ས་ཁོངས་ནང་གི་བྱིས་པའི་སྨན་ཁང་དང་། ཕྱོགས་བསྡུས་སྨན་ཁང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅས་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་ཆེད་ལས་ཚན་ཁག་གི་སྨན་ཁང་དང་། ཕྱོགས་བསྡུས་སྨན་ཁང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅས་ཀྱི་བྱིས་པའི་ཚན་ཁག་གི་ནད་དང་རྒྱུན་ཐོན་ནད་རིགས་ཐད་ཀྱི་ནུས་པ་དང་ལས་འགན་འདོན་སྤེལ་གང་ལེགས་བྱས་ཐོག བྱིས་པའི་ཚན་ཁག་གི་སྨན་བཅོས་ཞབས་ཞུའི་དྲ་རྒྱ་ཆགས་པ་བྱེད་པ་དང་། ནད་པ་སྨན་བཅོས་བྱ་རྒྱུར་ལུགས་མཐུན་ངང་ཁྲིད་སྟོན་བྱེད་པ། སྨན་བཅོས་ཐོན་ཁུངས་སྤྱོད་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་བྱིས་པའི་ཚན་ཁག་གི་སྨན་བཅོས་ཞབས་ཞུའི་དགོས་མཁོ་གང་ལེགས་སྐོང་དགོས་ཞེས་བསྟན་པ་རེད།
         རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས། བྱིས་པའི་ཚན་ཁག་གི་སྨན་བཅོས་ཞབས་ཞུའི་དྲ་རྒྱའི་ནང་བྱིས་པའི་སྨན་ཁང་དང་། ཕྱོགས་བསྡུས་སྨན་ཁང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅས་དབར་གཞན་སྒྱུར་སྨན་བཅོས་ལམ་སྲོལ་བཙུགས་ཏེ་བྱིས་པའི་ཚན་ཁག་གི་ནད་པ་ལུགས་མཐུན་ངང་ཁྲིད་སྟོན་དང་ཁག་བགོས་བྱེད་དགོས། ཆ་རྐྱེན་ཡོད་པའི་ས་ཆར་བྱིས་པའི་སྨན་ཁང་དང་། ཕྱོགས་བསྡུས་སྨན་ཁང་གི་བྱིས་པའི་ཚན་ཁག གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི། སྤྱི་ཚོགས་ཀྱིས་གཉེར་བའི་བྱིས་པའི་སྨན་ཁང་སོགས་ཀྱིས་ཐུན་མོང་ཐོག་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་གྲུབ་པ་དང་ཕྱོགས་གཉིས་དབར་གཞན་སྒྱུར་སྨན་བཅོས་དང་། གོང་འོག་མཉམ་འགུལ། ཐོན་ཁུངས་མཉམ་སྤྱོད་བཅས་ཀྱི་ལམ་སྲོལ་གྲུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།