འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་གལ་ཆེའི་གསར་གཏོད་ཁྱབ་ཁོངས་ནང་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་ཁག་གཅིག་
    བསྐྲུན་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་05ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་2ཉིན་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཀྲང་པའེ་ཁྲུན་ལི་ཡིས་ཀྲུང་གོ་ཚན་རིག་ཁང་གིས་གཉེར་བའི“རྒྱལ་ཁབ་ཚོད་ལྟ་ཁང་འཛུགས་སྐྲུན་དང་དོ་དམ་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི”ཐོག མིག་སྔར། ཀྲུང་གོ་སྲིད་གཞུང་གིས་གལ་ཆེའི་གསར་གཏོད་ཁྱབ་ཁོངས་ནང་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་ཁག་གཅིག་བསྐྲུན་རྒྱུའི་ཇུས་གཞི་ཧུར་ཐག་འདིང་བཞིན་ཡོད་པ་དང་རྒྱལ་ཁབ་ཚོད་ལྟ་ཁང་སྐྲུན་པ་ནི་ཀྲུང་གོའི་ཚན་ཞིབ་སྒྲིག་སྲོལ་གྱི་གལ་ཆེའི་ཕྱོགས་སྒྱུར་ཞིག་ཏུ་གྱུར་རྒྱུ་རེད་ཅེས་གསུངས་པ་རེད།
         པའེ་ཁྲུན་ལི་ཡིས་བགྲོ་གླེང་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག ཀྲུང་གོ་སྲིད་གཞུང་གི་མིག་སྔའི་བསམ་གཞིགས་གཙོ་བོ་ནི་རྒྱལ་ཁབ་ཀྱི་དམིགས་ཡུལ་དང་འཐབ་ཇུས་དགོས་མཁོ་ཁྲིད་སྟོན་དུ་བྱས་ནས་རྒྱལ་ཡོངས་ཀྱི་དགེ་མཚན་ལྡན་པའི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་གཞི་ཁྱོན་དེ་བས་ཆེ་བ་དང་། རིག་ཚན་མཉམ་འདྲེས་ཡིན་པ། ཕྱོགས་བསྡུས་འདུས་གྲུབ་བཅས་ཀྱི་རྒྱལ་ཁབ་ཀྱི་ཞིབ་འཇུག་རྟེན་གཞི་ཁག་གཅིག་བསྐྲུན་ནས་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་དེ་རྒྱལ་ཁབ་ཕྱི་ནང་གི་ཤེས་ལྡན་པ་རྩེ་གྲ་གཅིག་སྡུད་བྱ་ཡུལ་ཞིག་ཏུ་རིམ་གྱིས་བསྐྲུན་ཏེ་རྒྱལ་ཁབ་ཀྱི་ཆུ་ཚད་མཚོན་པ་དང་། རྒྱལ་སྤྱིའི་ལས་རིགས་གཅིག་པས་ཁས་ལེན་བྱེད་པ། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་གལ་ཆེན་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་དངོས་ཤུགས་ཤིག་དང་། རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་གསར་གཏོད་ཀྱི་སྟོབས་ཤུགས་ཤིག་ཆགས་པ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།