འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་མནའ་འབྲེལ་གྱི་དམའ་རིམ་སློབ་འབྲིང་གི་སློབ་མ་བཅུ་ཆ་དྲུག་ཙམ་གྱིས་ཕྱི་རྒྱལ་
    གྱི་སྐད་ཡིག་གཉིས་སམ་དེ་ཡན་སློབ་སྦྱོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་05ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཡོ་རོབ་མནའ་འབྲེལ་གྱི་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར། 2014ལོར་ཡོ་རོབ་མནའ་འབྲེལ་གྱི་དམའ་རིམ་སློབ་འབྲིང་གི་སློབ་མ་ཁྲི་1800ལྷག་ཙམ་གྱིས་ཉུང་མཐར་ཡང་ཕྱི་རྒྱལ་གྱི་སྐད་ཡིག་གཅིག་སློབ་སྦྱོང་བྱས་པ་དེས་དམའ་རིམ་སློབ་འབྲིང་གི་སློབ་མའི་བསྡོམས་འབོར་གྱི་98.6%བཟུང་བ་དེའི་ནང་དམའ་རིམ་སློབ་འབྲིང་གི་སློབ་མ་བཅུ་ཆ་དྲུག་ཙམ་གྱིས་ཕྱི་རྒྱལ་གྱི་སྐད་ཡིག་གཉིས་སམ་དེ་ཡན་སློབ་སྦྱོང་བྱས་ཡོད་པ་རེད།
         རྒྱལ་ཁབ་ཁག་དབྱེ་ནས་བལྟས་ཚེ། ལུ་ཙེམ་པོག་དང་། ཧྥིན་ལན། དབྱི་ཐ་ལི། ཨེ་སོ་ནི་ཡ། རོ་མ་ནི་ཡ་བཅས་སུ་དམའ་རིམ་སློབ་འབྲིང་གི་སློབ་མ་མང་ཆེ་བས་ཕྱི་རྒྱལ་གྱི་སྐད་ཡིག་གཉིས་ཡན་སློབ་སྦྱོང་བྱེད་ཀྱི་ཡོད། གོང་དང་བསྡུར་ན། ཧང་ག་རི་དང་། ཨིར་ལན། ཨོ་སི་ཁྲུ་རི་ཡ་བཅས་ཀྱི་དམའ་རིམ་སློབ་འབྲིང་གི་སློབ་མའི་ཁྲོད་ཕྱི་རྒྱལ་གྱི་སྐད་ཡིག་གཉིས་ཡན་སྦྱོང་མཁན་10%ཡང་ཟིན་གྱི་མེད་པ་རེད།
         སྙན་ཞུའི་ནང་ད་དུང་མངོན་པར། ཡོ་རོབ་མནའ་འབྲེལ་གྱི་དམའ་རིམ་སློབ་འབྲིང་གི་སློབ་མས་རྒྱུན་དུ་སློབ་སྦྱོང་བྱེད་པའི་ཕྱི་རྒྱལ་གྱི་སྐད་ཡིག་ནི་དབྱིན་ཡིག་ཡིན་པ་དང་དེ་རྗེས་ཧྥ་རན་སེའི་སྐད་ཡིག་དང་། འཇར་མན་གྱི་སྐད་ཡིག སི་ཕེན་གྱི་སྐད་ཡིག་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།