འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་རྒྱལ་ཡོངས་ཀྱི་གཉིས་བཀུར་
    མིག་དཔེར་འཚམས་འདྲིའི་ཡི་གེ་སྤྲིངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་05ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་དེར་རྒྱལ་ཡོངས་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་། དམངས་སྲིད་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་རྒྱལ་ཡོངས་ཀྱི་གཉིས་བཀུར་མིག་དཔེའི་གྲོང་ཁྱེར་(རྫོང)དང་གཉིས་བཀུར་མིག་དཔེའི་ཚན་པ་དང་མི་སྒེར་ལ་འཚམས་འདྲིའི་ཡི་གེ་སྤྲིངས་པ་དང་། རྒྱལ་ཡོངས་ཀྱི་གཉིས་བཀུར་མིག་དཔེའི་གྲོང་ཁྱེར་(རྫོང)གྱི་ཏང་ཨུད་སྲིད་གཞུང་དང་བཅའ་སྡོད་དམག་གི་འགོ་ཁྲིད་ལས་ཁུངས་དང་རྒྱ་ཆེའི་དམག་དམངས་ལ་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་ཞུས་པ། དམག་བཀུར་ལྟ་སྐྱོང་དང་སྲིད་བཀུར་དམངས་གཅེས་ལས་དོན་ནང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བའི་རྒྱལ་ཡོངས་ཀྱི་གཉིས་བཀུར་མིག་དཔེའི་ཚན་པ་དང་མི་སྒེར་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།
         འཚམས་འདྲིའི་ཡི་གེའི་ནང་འདས་ཟིན་པའི་ལོ་དེར་རྒྱལ་ཡོངས་དམག་དམངས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་མཇུག་བསྡུར་ཕྱར་བ་གྲུ་འདེགས་ཀྱིས་སྐུལ་འདེད། སྒྱུར་བཅོས་ལ་བརྟེན་ནས་དམག་སྟོབས་ཆེར་གཏོང་བའི་འཐབ་ཇུས་མཉམ་དུ་ལག་བསྟར། ཆག་སྒོ་དང་གནོད་འཚེ་སྣ་ཚོགས་ལ་མཉམ་དུ་ཁ་གཏད་གཅོག་པ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་རླབས་ཆེན་གྱི་དུས་རབས་ནང་བླ་ན་མེད་པའི་མཛད་རྗེས་བཏོད་ཡོད། ལྷག་པར་དུ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་དེས་ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་གཅིག་ཏུ་ཧུར་ཐག་འགྲིལ་བ་བྱས་ཏེ་མི་རིགས་ཀྱི་སྙིང་སྟོབས་འཕེལ་བ་དང་དྲང་བདེན་ལ་རྒྱལ་ཁ་ཐོབ་ངེས་ཡིན་པ་དང་། ཞི་བདེར་རྒྱལ་ཁ་ཐོབ་ངེས་ཡིན་པ། མི་དམངས་ལ་རྒྱལ་ཁ་ཐོབ་ངེས་ཡིན་པའི་བདེན་དོན་མངོན་པ་བྱས་ཡོད་ཅེས་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།