འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་འགོ་འཛིན་ཟུར་པ་ཝེ་ཧུང་ལ་ཏང་ནང་གི་གོ་གནས་ཕྱིར་
    འཐེན་དང་སྲིད་འཛིན་གྱི་གོ་གནས་ཕྱིར་འཐེན་བྱས་པའི་ཆད་པ་ཁེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་05ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཝེ་ཧུང་།
    ཝེ་ཧུང་།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་4ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར་དྲ་བར་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟ་ཞིབ་པུའི་དྲ་ཚིགས་ནས་སྤེལ་བའི་ཆ་འཕྲིན་ལྟར་ན། ཉེ་སྔོན་ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་གནང་བ་བརྒྱུད་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་སི་ཁྲོན་ཞིན་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་གྱི་འགོ་འཛིན་ཟུར་པ་ཝེ་ཧུང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་ལ་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བྱས་པ་རེད།
         ཞིབ་བཤེར་བྱས་པ་བརྒྱུད། བློ་མཐུན་ཝེ་ཧུང་ཏང་གི་མཐོ་རིམ་འགོ་ཁྲིད་ལས་བྱེད་པ་ཡིན་པའི་ཐོག་ནས་རང་ཉིད་ལ་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་ཡོད་པའི་གནས་ཚུལ་འོག་ཏང་ལ་བློ་དཀར་སེམས་དཀར་དང་བདེན་དྲང་ཟོལ་མེད་མ་བྱས་པ་དང་། རྩ་འཛུགས་ཀྱིས་སློབ་གསོ་དང་སྐྱོབ་ཐབས་ཐེངས་མང་གནང་བའི་གོ་སྐབས་གཙིགས་འཛིན་མ་བྱས་པར་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་ཏེ་རྩ་འཛུགས་ཀྱི་ཞིབ་བཤེར་ལ་གཏད་འགོག་བྱས་ནས་རྩ་འཛུགས་ཀྱིས་གླེང་མོལ་གནང་བ་དང་འཕྲིན་ཐོག་འདྲི་རྩད་གནང་སྐབས་དོན་དངོས་ལྟར་གནད་དོན་གསལ་བཤད་མ་བྱས་པ་དང་། ལས་སྒྲུབ་ཀྱི་སྒྲིག་ཁྲིམས་ལས་འགལ་ཏེ་སྲིད་ཁྲིམས་ཀྱི་བྱེད་སྒོར་ཐེ་ཇུས་བྱས་པ་རེད། བློ་མཐུན་ཝེ་ཧུང་གི་སྒྲིག་ཁྲིམས་ལས་འགལ་བའི་བྱ་སྤྱོད་ཀྱི་ངོ་བོ་ངན་པ་ཐ་ཤལ་ཡིན་ལ་གནད་དོན་ཚབས་ཆེ་བས། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་སྲོལ་ཡིག་》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་པ་མ་ཟད་ཀྲུང་གུང་ཀྲུང་དབྱང་ལ་ཆོག་མཆན་གནང་བའང་ཕུལ་བ་བརྒྱུད་བློ་མཐུན་ཝེ་ཧུང་ལ་ཏང་ནང་གི་གོ་གནས་ཕྱིར་འཐེན་བྱེད་རྒྱུའི་ཆད་པ་གཅོད་པའི་གཏན་འབེབས་གནང་བ་དང་། ལྟ་ཞིབ་པུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་འབུལ་ཞུས་ནས་ཆོག་མཆན་ཐོབ་སྟེ་བློ་མཐུན་ཝེ་ཧུང་གི་སྲིད་འཛིན་གོ་གནས་ཕྱིར་འཐེན་བྱེད་པའི་ཆད་པ་བཅད་དེ་ཐིན་རིམ་པ་གཞོན་པའི་འགོ་ཁྲིད་ཀྱི་གོ་གནས་མིན་པར་ཕབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།