འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལའི་གཞོན་ནུ་ཞིག་གིས་ཁ་ནང་དུ་ཞ་སྨྱུག་138མཉམ་དུ་བཟུང་བས་འཛམ་གླིང་
    གི་ཟིན་ཐོ་གསར་པ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་04ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ནེ་པ་ལའི་གཞོན་ནུ་ཞིག་གིས་ཁ་ནང་དུ་ཞ་སྨྱུག་138མཉམ་དུ་བཟུང་བས་འཛམ་གླིང་
གི་ཟིན་ཐོ་གསར་པ་བཏོད་པ།
         མི་དམངས་དྲ་བའི་འཕྲིན། དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་གསར་འགྱུར་》ཞེས་པས་ཟླ་2ཚེས་2ཉིན་གནས་འཕྲིན་ཞིག་སྤེལ་བར་གཞིགས་ན། ནེ་པ་ལ་རྒྱལ་ཁབ་ཀྱི་ལོ་19ཅན་གྱི་གཞོན་ནུ་རཱ་ཇཱ་ཐ་ཕཱ་(Raja Thapa)ཡིས་རང་ཉིད་ལ་འཛམ་གླིང་སྟེང་གི་ཁ་ཆེ་ཤོས་ཡོད་ཟེར་བ་མ་ཟད། ཁོང་གིས་རང་ཉིད་ཀྱི་ཁ་ནང་དུ་ཞ་སྨྱུག་138མཉམ་དུ་བཟུང་ནས་བཞེད་ཚུལ་དེ་ཉིད་ཀྱི་བདེན་དཔང་བྱས་པ་རེད། ཐ་ཕཱ་ཡི་བྱས་ཚུལ་དེས་དེ་སྔོན་རྒྱ་གར་གྱི་སྐྱེས་པ་ཏི་ནེ་ཧྲི་ཧྲི་ཧྥུ་ན་སི་ཝུ་པོ་ཏེ་ཧ་ཡ་(Dinesh Shivnath Upadhyaya)ཡིས་ཁ་ནང་དུ་ཞ་སྨྱུག་92མཉམ་དུ་བཟུང་བ་འི་ཟིན་ཐོ་ལས་བརྒལ་བ་རེད།
         ཐ་ཕཱ་ཡིས་རང་གི་ཁ་ནང་དུ་ཞ་སྨྱུག་ལྷག་མ་46མཉམ་དུ་བཟུང་ནས་རྒྱ་གར་གྱི་སྐྱེས་པའི་ཟིན་ཐོ་ལས་བརྒལ་ན་ཡང་། ཁོས་བྱེད་མཚམས་མ་བཞག་པར་མུ་མཐུད་དེ་མེ་བསྒྲོན་ཡོད་པའི་ཡང་ལྭ་32ཁའི་ནང་དུ་མཉམ་བཟུང་བྱས། ཐ་ཕཱ་ཡིས་ང་རང་ངོ་མཚར་ཅན་གྱི་བྱ་དངོས་ལ་དགའ་པོ་ཡོད་པ་དང་། ནེ་པ་ལར་ངས་ངོ་མཚར་ཅན་གྱི་བྱ་དངོས་མང་པོ་ཞིག་གི་ཟིན་ཐོ་ལས་བརྒལ་བ་མཐོང་བས། ངས་ཀྱང་དེ་དག་ཚོད་ལྟ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
         ཐ་ཕཱ་ནི་བདེ་སྲུང་པ་ཞིག་ཡིན་པ་དང་། ད་སྐབས་ཁོས་དུས་བཅད་ངང་ཁྲོམ་སྲང་དུ་འཁྲབ་སྟོན་བྱས་ཏེ་ངོ་མཚར་ཅན་གྱི་བྱ་དངོས་སྔར་ལས་མང་བའི་འཛམ་གླིང་གི་ཟིན་ཐོ་ལས་བརྒལ་བའི་ཚོད་ལྟ་བྱེད་བཞིན་ཡོད།  ཁོས"རང་ཉིད་ནེ་པ་ལའི་ཁྲོམ་སྲང་གི་དཔའ་བོ་ཞིག་ཆགས་འདོད་ཡོད་"ཅེས་བརྗོད་པ་རེད།
    ༄༅།།ནེ་པ་ལའི་གཞོན་ནུ་ཞིག་གིས་ཁ་ནང་དུ་ཞ་སྨྱུག་138མཉམ་དུ་བཟུང་བས་འཛམ་གླིང་
གི་ཟིན་ཐོ་གསར་པ་བཏོད་པ།
    ༄༅།།ནེ་པ་ལའི་གཞོན་ནུ་ཞིག་གིས་ཁ་ནང་དུ་ཞ་སྨྱུག་138མཉམ་དུ་བཟུང་བས་འཛམ་གླིང་
གི་ཟིན་ཐོ་གསར་པ་བཏོད་པ།
    ༄༅།།ནེ་པ་ལའི་གཞོན་ནུ་ཞིག་གིས་ཁ་ནང་དུ་ཞ་སྨྱུག་138མཉམ་དུ་བཟུང་བས་འཛམ་གླིང་
གི་ཟིན་ཐོ་གསར་པ་བཏོད་པ།
      

    ཕྱོགས་བསྡུས་གསར་འགྱུར།