འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།སྐྱེས་པ་གཉིས་ཀྱིས་འཁྱགས་དོང་ནང་ནས་ཁྲུང་ཁྲུང་སྐེ་ནག་ཅིག་གི་སྲོག་བསྐྱབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་04ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐྱེས་པ་གཉིས་ཀྱིས་འཁྱགས་དོང་ནང་ནས་ཁྲུང་ཁྲུང་སྐེ་ནག་ཅིག་གི་སྲོག་བསྐྱབས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་ཁུལ་གྱི་གནམ་གཤིས་དྲོད་ཚད་ཀླད་ཀོར་འོག་གི་ཏུའུ་18དུ་ཟིན་ཡོད་པ་རེད། སྐྱེས་པ་གཉིས་ཡུལ་སྐོར་དུ་འགྲོ་བའི་ལམ་བར་དུ་ཁྲུང་ཁྲུང་སྐེ་ནག་ཅིག་འཁྱགས་དོང་དུ་ལྷུངས་ནས་ཤི་ཁའི་འཕག་འཚག་རྒྱག་བཞིན་ཡོད་པ་མཐོང་རྗེས། ཁོང་གཉིས་ཀྱིས་འཕྲལ་མར་ཆུའི་གཏིང་ཚད་རང་གི་ཁོག་པ་བར་དུ་ཡོད་པའི་ནང་ཕྱིན་ཏེ་ཁྲུང་ཁྲུང་སྐེ་ནག་དེ་བསྐྱབས་པ་དང་། ཁྲུང་ཁྲུང་སྐེ་ནག་དེ་འཁྱགས་ནས་དབུགས་ཆད་ལ་ཉེ་བ་མཐོང་རྗེས་པང་དུ་བཟུང་ནས་རང་ལུས་ཀྱི་དྲོད་ཁོལ་གྱིས་གསོས་ནས་བསྐྱབས། དེའི་རྗེས་སྲུང་སྐྱོང་ཁུལ་གྱི་ལས་སྒྲུབ་མི་སྣས་རོགས་སྐྱོབ་བྱས་སྟབས། ཁྲུང་ཁྲུང་སྐེ་ནག་དེ་མིག་སྔར་སླར་གསོ་བྱུང་ཡོད་པ་མ་ཟད་ཕྱིར་རང་བྱུང་ཁམས་སུ་བཏང་བ་རེད།
    ༄༅།།སྐྱེས་པ་གཉིས་ཀྱིས་འཁྱགས་དོང་ནང་ནས་ཁྲུང་ཁྲུང་སྐེ་ནག་ཅིག་གི་སྲོག་བསྐྱབས་པ།
    ༄༅།།སྐྱེས་པ་གཉིས་ཀྱིས་འཁྱགས་དོང་ནང་ནས་ཁྲུང་ཁྲུང་སྐེ་ནག་ཅིག་གི་སྲོག་བསྐྱབས་པ།
    ༄༅།།སྐྱེས་པ་གཉིས་ཀྱིས་འཁྱགས་དོང་ནང་ནས་ཁྲུང་ཁྲུང་སྐེ་ནག་ཅིག་གི་སྲོག་བསྐྱབས་པ།
    ༄༅།།སྐྱེས་པ་གཉིས་ཀྱིས་འཁྱགས་དོང་ནང་ནས་ཁྲུང་ཁྲུང་སྐེ་ནག་ཅིག་གི་སྲོག་བསྐྱབས་པ།
      

    ཕྱོགས་བསྡུས་གསར་འགྱུར།