མི་དམངས་དྲ་བ།

༄༅།།དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་རྒྱ་ཆེའི་དཔོན་དམག་ཚོས་ཀྲུའུ་ཞི་ཞིས་
ཅིན་ཕིང་གི་བཀའ་ཤོག་བླང་བྱར་གོ་བ་གཏིང་ཟབ་བླངས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་04ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུའུ་ཞི་ཞིས་ཅིན་ཕིང་སྐུ་ངོ་མ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་འཐབ་ཁུལ་འཛུགས་པའི་ཚོགས་ཆེན་ལ་ཞུགས་ནས་འཐབ་ཁུལ་ཁག་ལ་དམག་དར་གནང་བ་དང་འབྲེལ་བཀའ་ཤོག་ཁྱབ་བསྒྲགས་གནང་བ་དེས་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། རྒྱ་ཆེའི་དཔོན་དམག་ཚོས་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་སེམས་ཐག་གཙང་བཅད་ཀྱིས་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་དང་། བླ་ན་མེད་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ཚད་མཐོའི་ལོ་རྒྱུས་རང་རྟོགས་དང་འགན་འཁྲི་འགན་འཁུར་གྱི་བསམ་པའི་ཐོག་ནས་སྒྱུར་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པ། ཏན་ཏན་ཏིག་ཏིག་གི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་དམག་དཔུང་གི་གཟི་བརྗིད་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་རྩོམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
          ལས་ཁུངས་ནས་གཞི་རིམ་བར་དང་། གྲོང་ཁྱེར་ནས་མཐའ་སྲུང་བར་རྒྱ་ཆེའི་དཔོན་དམག་ཚོས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་བཀའ་ཤོག་སློབ་སྦྱོང་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ནས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་བཀའ་ཤོག་སློབ་སྦྱོང་བྱ་རྒྱུ་དེ་ཀྲུའུ་ཞི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་སྒྱུར་བཅོས་དང་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་རྩ་བའི་བསྟུན་སར་བརྩིས་ཡོད། ཚང་མས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་བཀའ་ཤོག་གིས་འཐབ་ཁུལ་ཁག་ལ་འགན་འཁྲི་དང་འོས་འགན་ཡག་པོ་སྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ། དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེར་བཏོན་པའི་བླང་བྱ་གསར་པ་དང་མངགས་བཅོལ་ཟབ་མོ་ཡང་ཡིན་པས། ཐོག་མཐའ་བར་གསུམ་དུ་ཏང་གི་བཀོད་འདོམས་ལ་ཉན་པ་དང་། ཆབ་སྲིད་དམག་འཛུགས་རྩ་དོན་མཐའ་འཁྱོངས། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། ལྟེ་བའི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ལ་ཤུགས་སྣོན་རྒྱག་པ། རང་རྟོགས་ངང་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞིས་ཅིན་ཕིང་བཅས་དང་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས། འཐབ་ནུས་ཀྱི་ཚད་གཞིར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་དམག་རྒྱག་ཐབས་རྩལ་བརྩོན་ཞིབ་དང་དུས་རྟག་ཏུ་དམག་རྒྱག་གྲ་སྒྲིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         ཤར་རྒྱུད་འཐབ་ཁུལ་དང་། ལྷོ་རྒྱུད་འཐབ་ཁུལ། ནུབ་རྒྱུད་འཐབ་ཁུལ། བྱང་རྒྱུད་འཐབ་ཁུལ། དབུས་རྒྱུད་འཐབ་ཁུལ་བཅས་བཙུགས་མ་ཐག་འཐབ་ཁུལ་ཏང་ཨུད་ནས་ལས་ཁུངས་ཀྱི་ཅུས་ཁང་ཁག་བར་བཅས་ཀྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་བཀའ་ཤོག་ཡིག་འབྲུ་རེ་རེ་བྱས་ནས་སློབ་སྦྱོང་བྱས་ཤིང་། རྒྱ་ཆེའི་ལས་བྱེད་པ་ཚོས་སློབ་སྦྱོང་གྲོས་བསྡུར་བྱེད་སྐབས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་འཐབ་ཁུལ་འཛུགས་པའི་ཚོགས་ཆེན་ཐོག་གི་བཀའ་ཤོག་གི་ནང་དོན་ཕུན་སུམ་ཚོགས་པ་དང་དགོངས་པ་ཟབ་པར་བརྟེན་འཐབ་ཁུལ་གྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལས་ཁུངས་བསྐྲུན་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་ཡོད་ལ། རྩ་བའི་བསྟུན་ས་ཡང་མཁོ་འདོན་བྱས་ཡོད་ཅེས་བཤད། ཚང་མས་ཏང་གི་དུས་བབ་གསར་པའི་འོག་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ལ་དམ་པོར་དམིགས་ནས་དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ་དམག་ཨུད་ཀྱིས་དོ་དམ་གཙོ་བོ་བྱེད་པ་དང་། འཐབ་ཁུལ་གྱི་འཐབ་ས་གཙོ་བོ། དམག་རིགས་གཙོ་སྐྲུན་བཅས་ཀྱི་སྤྱིའི་རྩ་དོན་མཐའ་འཁྱོངས་དང་། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་དམག་རྒྱག་ཐབས་རྩལ་བརྩོན་ཞིབ། མཉམ་འབྲེལ་དམག་འཐབ་ལ་བཀོད་འདོམས། དམག་ཁྲིད་དམག་རྒྱག་གྲ་སྒྲིག་བཅས་བྱས་ཏེ་བློ་དཀར་སེམས་དཀར་དང་། ཇུས་མཁས་དམག་རྒྱག བཀོད་འདོམས་ནུས་ལྡན། དམག་རྒྱག་ཕོད་པ་དང་རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་སྒྲིག་གཞི་ཧུར་ཐག་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།
          སྐམ་དམག་དང་། མཚོ་དམག མཁའ་དམག མེ་ཤུགས་འཕུར་མདའི་དམག འཐབ་ཇུས་རོགས་སྐྱོར་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་དཔོན་དམག་ཚོས་སློབ་སྦྱོང་གྲོས་བསྡུར་བྱེད་སྐབས་འཐབ་ཁུལ་ནི་འཐབ་ཇུས་ཁ་ཕྱོགས་ཁག་གི་ཆེས་མཐོའི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་སྒྲིག་གཞི་འབའ་ཞིག་དེ་ཡིན་པ་དེས་ཕྱོགས་ཁག་གི་བདེ་འཇགས་ཉེན་ཁར་ཁ་གཏད་གཅོག་རྒྱུ་དང་། ཞི་བདེ་སྲུང་སྐྱོང་། དམག་འཁྲུག་འགོག་རྒྱུ། དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་བཅས་ཀྱི་འགན་འཁྲི་ཆེན་པོ་འཁུར་ཡོད་པ་དང་དེའི་བཀོད་འདོམས་ཀྱི་དབང་ཆ་དང་འགན་འཁྲི་དེ་ཀྲུང་དབྱང་དམག་ཨུད་ཀྱིས་སྤྲད་པ་ཞིག་ཡིན་ཞེས་བཤད་ཅིང་། དཔོན་དམག་ཚོས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་དང་ཀྲུའུ་ཞི་ཞིས་ཅིན་ཕིང་གི་དབང་གྲགས་སྲུང་སྐྱོང་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་དང་དེ་བཞིན་ཀྲུའུ་ཞི་ཞིས་ཅིན་ཕིང་གི་བཀོད་འདོམས་བཅས་ལ་སེམས་ཐག་གཙང་བཅད་ཀྱིས་ཉན་པ། རྩ་འཛུགས་ཀྱི་འདུ་ཤེས་དང་། བཀའ་རྒྱའི་འདུ་ཤེས། སྒྲིག་ཁྲིམས་ཀྱི་འདུ་ཤེས་བཅས་ལ་ཤུགས་སྣོན་ཏན་ཏིག འགན་ནུས་ངེས་གནས་ཀྱི་རང་འགན་རང་འཁུར་དང་རང་རང་གི་འགན་འཁྲིར་གཞིགས་པ། རང་ངོས་འཕེལ་རྒྱས་ཀྱི་འཛུགས་སྐྲུན་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་སྒྱུར་བཅོས་དོན་འཁྱོལ་ཏན་ཏིག་བྱེད་པའི་བྱ་སྤྱོད་དངོས་དང་འཛུགས་སྐྲུན་གྲུབ་འབྲས་རྩེ་གྲའི་ཐོག་ནས་ཏང་ཀྲུང་དབྱང་དང་ཀྲུའུ་ཞི་ཞིས་ཅིན་ཕིང་ལ་ཚད་དང་མཐུན་པའི་རྒྱུགས་ལན་ཞིག་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
         དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་རྒྱ་ཆེའི་ལས་བྱེད་པ་ཚོས་སློབ་སྦྱོང་དང་གྲོས་བསྡུར་བྱེད་སྐབས་ཤར་རྒྱུད་འཐབ་ཁུལ་དང་། ལྷོ་རྒྱུད་འཐབ་ཁུལ། ནུབ་རྒྱུད་འཐབ་ཁུལ། བྱང་རྒྱུད་འཐབ་ཁུལ། དབུས་རྒྱུད་འཐབ་ཁུལ། གྲབས་འཛུགས་འཐབ་ཁུལ་བཅས་ཀྱི་མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་སྒྲིག་གཞི་བཙུགས་པ་དེ་ནི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་བཏོན་པའི་འཐབ་ཇུས་ཤིག་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་ཤིག རང་དམག་གི་མཉམ་འབྲེལ་དམག་འཐབ་མ་ལག་འཛུགས་པའི་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ཤིག་བཅས་ཡིན་པ་དེས་རང་དམག་གིས་དམག་རྒྱག་ཐུབ་པ་དང་འཐབ་ན་རྒྱལ་ཐུབ་པའི་འགན་ལེན་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ནུས་ལྡན་ཐུབ་རྒྱུར་གལ་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་པའི་ངོས་འཛིན་བྱས་པ་རེད།