འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཨན་པེ་ཡིས་རང་ཉིད་ཀྱི་བློས་ཐུབ་བློན་པོ་ཞིག་གིས་ལྐོག་རྔན་བླངས་པའི་དོན་གྱི་སྐོར་
    ནས“རྒྱལ་དམངས་ཀྱི་རེ་བ་སྟོང་ཟད་དུ་བཏང་བ་རེད”ཅེས་དགོངས་དག་ཞུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་03ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཨན་པེ་ཅིན་སན།
    ཨན་པེ་ཅིན་སན།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་2ཉིན་རི་པིན་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་གྲོས་ཁང་འོག་མར་དཔལ་འབྱོར་བསྐྱར་དར་འགན་ཁུར་བློན་ཆེན་དང་དཔལ་འབྱོར་ནོར་སྲིད་སྲིད་ཇུས་ཀྱི་འགན་ཁུར་བློན་ཆེན་ཟུར་པ་ཀན་ལི་མིང་གིས་ལྐོག་རྔན་བླངས་པའི་དོན་གྱི་སྐོར་དགོངས་དག་ཞུས་པ་རེད། ཨན་པེ་ཡིས"ང་རང་ཉིད་དབུ་བཞུགས་བློན་ཆེན་ཡིན་པའི་ཆ་ནས་བློན་པོ་བསྐོ་བཞག་བྱས་པའི་འགན་ཁུར་ཡོད། ང་རང་གིས་བསྐོས་པའི་བློན་པོ་བརྗེ་དགོས་པའི་གནས་ཚུལ་བྱུང་བ་དེ་ནི་དངོས་གནས་རྒྱལ་དམངས་ཀྱི་རེ་བ་སྟོང་ཟད་དུ་བཏང་བ་རེད"ཅེས་བརྗོད་པ་རེད།
         རི་པིན་གྱི་གྲོས་ཁང་འོག་མས་ཉིན་དེར་ཀན་ལི་མིང་གི་ལས་གནས་རྒྱུན་འཛིན་བྱེད་མཁན་ཧྲི་ཡོན་ཧྲེན་ཧུང་གི་དཔལ་འབྱོར་སྐོར་གྱི་སྲིད་སྐྱོང་བསམ་གཞི་ལ་ཉན་པ་རེད། རི་པིན་གྱི་སྨྱན་སྦྱོར་དུ་ཟླ་སྔོན་མར་ཁྱབ་བསྒྲགས་བྱས་པ་ལྟར་ན། ཀན་ལི་མིང་གིས་ཆན་ཡེ་རྫོང་པའེ་ཅིན་གྲོང་ཁྱེར་གྱི་ཨར་ལས་ཀུང་སི་ཞིག་གི་དཔལ་འབྱོར་རྩོད་གླེང"འདུམ་ཐབས་"བྱེད་ཆེད་དངུལ་སྒོར་ལྐོག་རྔན་བླངས་པའི་དོགས་གནས་ཡོད་པ་རེད། ཟླ་1ཚེས་28ཉིན་ཀན་ལི་མིང་གིས་འགན་འཛོལ་རང་དཀྲིས་ཀྱིས་ལས་གནས་དགོངས་ཞུ་བྱས། འོན་ཀྱང་དངུལ་སྒོར་བླངས་པའི་སྐོར་དེ་ལྐོག་རྔན་བླངས་པར་མི་གཏོགས་ཞེས་བརྗོད་པ་རེད།
    ཀན་ལི་མིང་།
    ཀན་ལི་མིང་།
      

    ཕྱོགས་བསྡུས་གསར་འགྱུར།