འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་མཚོ་སྔོན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་2300ལྷག་ཙམ་གྱི་ཡིད་དབང་བཀུག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་03ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། གནམ་གཤིས་དྲོ་གྲང་སྙོམས་པ་དང་མཚོ་སྔོན་གྱི་ཁྱད་ཆོས་དམ་འཛིན་བྱས་ཏེ་2015ལོར་ཞིང་ཆེན་དེས་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2315.4ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་15.45%འཕར་ཡོད།
         མཚོ་སྔོན་ས་མཐོའི་ཐོག་མཚོ་སྔོན་པོ་དང་། སྐུ་འབུམ་བྱམས་པ་གླིང་། ཉི་ཟླ་རི་བོ་སོགས་མཛེས་ལྗོངས་ཁུལ་ཡོད་པས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། འོན་ཀྱང་ཞིང་ཆེན་དེའི་དགུན་དཔྱིད་གནམ་གཤིས་ཡུལ་གཞན་དང་བསྡུར་ན་གྲང་ངར་ཆེ་ལ་དུས་ཡུན་རིང་པོ་ཡོད་པ་དེ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི“ཞན་ཆར”གྱུར་ཡོད།
         ཁྱད་ལྡན་ཡུལ་སྐོར་ལེགས་ཆ་འདོན་སྤེལ་བྱ་ཆེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ཡུལ་བབ་དང་བསྟུན་པ་དང་གྲང་ངར་ཆེ་བའི་གནམ་གཤིས་ལ་བརྟེན་ནས་གངས་འཁྱག་རོལ་རྩེད་མྱོང་རོལ་རྣམ་གྲངས་བཏོད་པའི་ནང་ཆུ་ཧ་རའི་གངས་འཁྱག་རླངས་འཁོར་འགྲན་སློང་འགྲན་བསྡུར་དང་། ཀང་ཧྲི་ཁ་གངས་རིའི་རྩེ་མོར་མྱུལ་དཔྱད། འཁྱགས་ཤུད་འཁོར་ལོའི་མྱུར་ཚད་འགྲན་པ། གངས་བགྲོད་སྦག་སྦག་སོགས་ཡོད། དུས་མཚུངས་ཉེ་འཁོར་ས་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་དང་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་འགྲེམས་སྟོན་བྱས་ནས་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཉུང་བའི་ཡིད་དབང་བཀུག་ཡོད།
         མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཡན་གྱིས“ཉེ་བའི་ལོ་ལྔའི་ནང་མཚོ་སྔོན་གྱི་དགུན་དཔྱིད་དུས་ཚིགས་སུ་ཡུལ་སྐོར་མི་ཐེངས་དུས་མཚུངས་ལས་ཆ་སྙོམས་20%ཡན་འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་དུས་མཚུངས་ལས་30%ཡན་འཕར་ནས་དགུན་དཔྱིད་ཡུལ་སྐོར་ལ་ཕན་འབྲས་རགས་ཙམ་ཐོན་བཞིན་ཡོད”ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།