འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི་བོད་ཀྱི་ཞིང་འབྲོག་པའི་བུ་ཕྲུག་མཐོ་རྒྱུགས་འཕྲོད་ཚད་74.5%ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་03ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2015ལོའི་བོད་ཀྱི་ཞིང་འབྲོག་པའི་བུ་ཕྲུག་མཐོ་རྒྱུགས་འཕྲོད་ཚད་74.5%ཟིན་ནས་ཞིང་འབྲོག་པའི་ཕྲུ་གུ་དེ་བས་མང་བའི་སློབ་ཆེན་གྱི་ཕུགས་འདུན་གྲུབ་པ་རེད།
         མིག་སྔར་བོད་ཀྱིས་མཐོ་རྒྱུགས་དཀྱུས་མའི་སློབ་བསྡུའི་འཆར་གཞིའི་ཁྲོད་རྒྱལ་ཁབ་ཀྱི་ཆེད་དོན་དང་། གཙོ་གནད་མཐོ་སློབ་ཆེད་དོན། གྲོང་གསེབ་ཀྱི་ཆེད་དོན་སློབ་བསྡུའི་འཆར་གཞི་ལག་ལེན་བསྟར་བར་ནང་སའི་བོད་ལྗོངས་འཛིན་གྲྭའི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་ཞིང་འབྲོག་པའི་བུ་ཕྲུག་བསྡུ་ཚད་70%རྒྱུན་འཁྱོངས་ཐུབ་པ་དང་འབྲེལ་མི་འབོར་ཅུང་ཉུང་བའི་མི་རིགས་དང་ནག་ཆུ་དང་མངའ་རིས་ས་ཁུལ་ལ་གཟིགས་སྐྱོང་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 1985ལོ་ནས་བཟུང་སློབ་ཡོན་མི་དགོས་པར་འོས་འགན་སློབ་གསོ་དང་ལེན་བྱས་པའི་རྨང་གཞིའི་ཐོག་བོད་ཀྱིས་ད་དུང་ཞིང་འབྲོག་པའི་བུ་ཕྲུག་ལ་ཟས་སྡོད་དང་སློབ་ཡོན་གྲོན་དངུལ་འགན་ལེན་གྱི“འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་བསྟར་ཡོད། མིག་སྔར“འགན་ལེན་གསུམ”གྱི་སྲིད་ཇུས་ལོ་15བར་རིང་དུ་བཏང་བ་དང་ཚད་གཞི་དེ་ལོ་རེར་མི་རེར་སྒོར་3000བར་མང་དུ་བཏང་བར་ཕན་པ་ཐོབ་པའི་སློབ་མ་མི་ཐེངས་ཁྲི་52.5ཟིན་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱིས་སློབ་གསོའི་མ་འཇོག་ཐད་འགན་ལེན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་སློབ་གསོ་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་550ཟིན་ཡོད། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་མ་ཧྲེན་ཁྲང་གིས“འདས་ཟིན་པའི་ལོ་ལྔ་ནི་བོད་ཀྱི་སློབ་གསོར་མ་འཇོག་བྱེད་མང་ཤོས་དང་། འཛུགས་སྐྲུན་གཞི་ཁྱོན་ཆེ་ཤོས། སློབ་གཉེར་ཆ་རྐྱེན་ལེགས་སུ་འགྲོ་ཚད་མངོན་གསལ་དོད་ཤོས་བཅས་ཀྱི་དུས་སྐབས་ཤིག་ཡིན”ཞེས་བཤད་པ་རེད།
         ཉེ་བའི་ལོ་ཤས་རིང་བོད་ཀྱི་སློབ་གསོའི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་སོང་ཞིང་། མིག་སྔར་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིགས་བསལ་སློབ་གསོ་སོགས་ཚུད་པའི་ཆ་ཚང་བའི་དེང་རབས་ཀྱི་སློབ་གསོའི་མ་ལག་ཅིག་རགས་ཙམ་ཆགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།