འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་37པའི་ཧྥ་རན་སེའི་འབྱུང་འགྱུར་འཛམ་གླིང་རྩལ་རྩེད་དུས་ཆེན་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་03ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྐབས་37པའི་ཧྥ་རན་སེའི་འབྱུང་འགྱུར་འཛམ་གླིང་རྩལ་རྩེད་དུས་ཆེན་ཟླ་1ཚེས་31ཉིན་གྱི་ཕྱི་དྲོ་ཧྥ་རན་སེའི་རྒྱ་བྱ་རྟ་རྩེད་འཁྲབ་སྟོན་ཁང་དུ་མཇུག་འགྲིལ་བ་རེད། དུས་ཡུན་ཉིན་བཞི་འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད་རྩལ་རྩེད་དུས་ཆེན་གྱི་བྱ་དགའ་ཐོབ་མཁན་ལ་བྱ་དགའ་ཐོབ་ཡོད་པ་རེད།
         སྐབས་འདིའི་ཧྥ་རན་སེའི་འབྱུང་འགྱུར་འཛམ་གླིང་རྩལ་རྩེད་དུས་ཆེན་ནང་ཧྥ་རན་སེ་དང་། དབྱིན་ཇི། སུའེ་ཙེར། ཨུ་རུ་སུ། ཀྲུང་གོ སི་ཕན། ཁ་ན་ཏ། བྷེ་ཨུ་རུ་སུ་སོགས་རྒྱལ་ཁབ་དང་ས་ཁུལ་18ཀྱི་རྩལ་རྩེད་སྒྱུ་རྩལ་མཁས་ཅན་100ཙམ་ཞུགས་ཡོད་པ་དང་རྩལ་རྩེད་ནང་མཁའ་དབྱིངས་ཀྱི་རྩལ་རྩེད་དང་མཉེན་རྩལ་འཁྲབ་སྟོན་སོགས་ཀྱི་རྩལ་རྩེད་རིགས་ཡོད་པ་རེད།
         མཐར་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིས་འདི་ལོའི་གསེར་གྱི་བྱ་དགའ་དེ་ཁ་ན་ཏ་དང་བྷེ་ཨུ་རུ་སུའི་འཁྲབ་སྟོན་པས་མཉམ་དུ་འཁྲབ་པའི་མི་གཉིས་ཀྱི་མཁའ་དབྱིངས་དབྱུགས་ལེན་རྩལ་རྩེད་ལེ་ཚན་དང་དེ་བཞིན་ཨུ་རུ་སུའི་རྩལ་རྩེད་ཚོགས་པས་འཁྲབ་སྟོན་བྱས་པའི་མི་མང་པོའི་དཔྱང་ཐག་ལེ་ཚན་ལ་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
         1977ལོར་བཙུགས་པའི་ཧྥ་རན་སེའི་འབྱུང་འགྱུར་འཛམ་གླིང་རྩལ་རྩེད་དུས་ཆེན་ནི་རྒྱལ་སྤྱིའི་རྩལ་རྩེད་ལས་རིགས་ཀྱི་འགྲན་བསྡུར་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང། རྩལ་རྩེད་དུས་ཆེན་དེ་གཙོ་བོ་ལོ་25མན་གྱི་ཕུལ་བྱུང་ན་གཞོན་རྩལ་རྩེད་པའི་ཆེད་དུ་གཉེར་བ་ཞིག་ཡིན་པ་མ་ཟད། འཇོན་ཐང་ལྡན་པའི་ན་གཞོན་ཚོར་འཛམ་གླིང་རང་བཞིན་གྱི་གར་སྟེགས་བཏོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།