འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།འགྲུལ་པ་ཁྱུ་འགྲིག་ནས་ཕ་ཡུལ་དུ་ལོག་པ་དེ་དཔྱིད་གསར་སྐྱེལ་འདྲེན་གྱི་བཀྲག་མདངས་
    འཚེར་ས་གསར་པར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་03ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་དྲ་སྦྲེལ་འགྲོ་སྐྱོད་སྟེགས་བུས་བཏོན་པའི“འགྲུལ་པ་ཁྱུ་འགྲིག་ནས་ཁྱིམ་དུ་ལོག་པ”དེ་བཀྲག་མདངས་འཚེར་ས་གསར་པར་གྱུར་ནས་མེ་འཁོར་དང་། གནམ་གྲུ། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་བཅས་ཕུད་པའི་སྐྱེལ་འདྲེན་ནུས་པ་གལ་ཆེན་དུ་གྱུར་ཡོད། ཏི་ཏི་འགྲོ་སྐྱོད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། དཔྱིད་གསར་སྐྱེལ་འདྲེན་གྱི་གཟའ་འཁོར་དང་པོར་(ཟླ་1ཚེས་24ཉིན་ནས་ཟླ་1ཚེས་30ཉིན་བར)ཏི་ཏི་གྲོང་སྒྲོལ་འགྲོ་ཕྱོགས་གཅིག་པའི་རླངས་འཁོར་གྱིས་ཁྱོན་བསྡོམས་མི་ཁྲི་30ཕ་ཡུལ་དུ་བསྐྱལ་བ་དེ་ལྕགས་ལམ་གྱི་སྔོན་གཏན་འཁེལ་བའི་སྐྱེལ་འདྲེན་ནུས་པའི་རྨང་གཞིའི་ཐོག་མཚོན་མདོག་ལྗང་ཁུའི་མེ་འཁོར་གྱི་འཁོར་སྒྲོམ་དུམ་བུ་18ཡོད་པའི་མེ་འཁོར་132སམ་ཡང་ན་ཤུགས་འགྲེམས་མེ་འཁོར་གྱི་འཁོར་སྒྲོམ་དུམ་བུ་8ཡོད་པའི་མེ་འཁོར་419སྣོན་གཏོང་བྱས་པ་དང་མཚུངས་ཀྱི་ཡོད། ཏི་ཏི་ཡིས་སྔོན་དཔག་བྱས་པ་ལྟར་ན། དཔྱིད་གསར་སྐྱེལ་འདྲེན་རིང་འགྲུལ་པ་ཁྲི་བརྒྱ་ཙམ་གྱིས་འགྲོ་ཕྱོགས་གཅིག་པའི་རླངས་འཁོར་བསྡད་དེ་ཁྱིམ་དུ་ལོག་རྒྱུ་ཡིན་པ་རེད།
         ཏི་ཏི་འགྲོ་ཕྱོགས་གཅིག་པའི་རླངས་འཁོར་གྱིས་ད་དུང་གཟའ་འཁོར་དང་པོར་འགྲོ་འོང་མང་ཤོས་ཀྱི་ལམ་ཐིག་10ཁྱབ་བསྒྲགས་བྱས་པ་སྟེ། ཧྲེན་ཀྲེན་ནས་མེ་ཀྲོའུ་བར་དང་། ཏུང་ཀོན་ནས་ཀོང་ཀྲོའུ་བར། པེ་ཅིང་ནས་པའོ་ཏིང་བར། ཧྲེན་ཀྲེན་ནས་ཀོང་ཀྲོའུ་བར། པེ་ཅིང་ནས་ཀྲང་ཅ་ཁོའུ་བར། པེ་ཅིང་ནས་ཧན་ཏན་བར། ཝུའུ་ཧན་ནས་ཧོང་ཀང་བར། ཧྲེན་ཀྲེན་ནས་ཀན་ཀྲོའུ་བར་། ཏུང་ཀོན་ནས་ཧྲེན་ཀྲེན་བར། པེ་ཅིང་ནས་ཧྲི་ཅ་ཀྲོང་བར་བཅས་རེད། དེའི་ནང་རིམ་པ་དང་པོ་དང་གཉིས་པའི་གྲོང་ཁྱེར་ནི་མི་འབོར་ཕྱིར་ཐོན་ས་གཙོ་བོ་རེད།
         མིག་སྔའི་བར་ཏི་ཏི་འགྲོ་ཕྱོགས་གཅིག་པའི་རླངས་འཁོར་གྱིས་གྲོང་ཁྱེར་343དུ་གྲོང་ཁྱེར་གཅིག་མཚུངས་ཀྱི་འགྲོ་ཕྱོགས་གཅིག་པའི་རླངས་འཁོར་ཞབས་ཞུ་མཁོ་འདོན་བྱས་ཤིང་། དེའི་ནང་ཐོ་བཀོད་བྱས་པའི་འཁོར་བདག་མི་ཁྲི་1000ལས་བརྒལ་བ་དང་ཞབས་ཞུ་དེ་ལོངས་སྤྱོད་བྱེད་མྱོང་བའི་འགྲུལ་པ་ཁྲི་1820ལས་བརྒལ་ཡོད། དུས་མཚུངས་ཉེན་རེར་སྤྱོད་མང་ཤོས་ཀྱི་མངགས་ཐོ་ཁྲི་223ཟིན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།