འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་22པའི་ཨ་རིའི་འཁྲབ་སྟོན་ལས་རིགས་གཅིག་པའི་ལྷན་ཚོགས་ཀྱི་བྱ་དགའ་
    ཆེ་མོ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་03ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྐབས་22པའི་ཨ་རིའི་འཁྲབ་སྟོན་ལས་རིགས་གཅིག་པའི་ལྷན་ཚོགས་ཀྱི་བྱ་དགའ་ཚེས་30ཉིན་གྱི་དགོང་མོ་ལུའོ་ཧྲན་ཅི་ཚོགས་ཁང་ཆེ་མོར་ཁྱབ་བསྒྲགས་བྱས་ཤིང་། གློག་བརྙན་《དོ་གནད་》ཞེས་པར་གློག་བརྙན་རིགས་ཀྱི་མཐོང་ཆེ་ཤོས་ཀྱི་ཚོགས་པའི་འཁྲབ་རྩལ་ཕུལ་བྱུང་གི་བྱ་དགའ་ཐོབ་པ་རེད།
         ཏི་ཁ་ཕུའུ་ལི་ཨའོ་ཡིས་གློག་བརྙན་《གྲོང་འཇུག་པ་》ཞེས་པའི་ནང་གི་སྐྱེས་པའི་གཙོ་འཁྲབ་པ་ཕུལ་བྱུང་གི་བྱ་དགའ་ཐོབ་པའི་ཐོག་ནས་ཨའོ་སི་ཁའི“གློག་བརྙན་གྱི་རྒྱལ་པོར”འགྲན་སློང་བྱེད་པའི་མ་རྩ་ཆེན་པོ་ཞིག་བསགས་ཡོད།
         “ལོ་རབས་80རྗེས་ཀྱི”ཨ་རིའི་བུད་མེད་འཁྲབ་སྟོན་པ་གྲགས་ཅན་པུའུ་ལི·ལ་སེན་གྱིས་《ཁང་མིག་》ཞེས་པ་འཁྲབ་ནས་ཨོ་སི་ཁྲུ་ལི་ཡའི་བུད་མེད་སྐར་ཆེན་ཁའེ་ཐེ·པུའུ་ལན་ཆེ་ཐེ་གློག་བརྙན་འཁྲབ་སྟོན་པ་རྒན་རབས་ཧའེ་ལུན·སྨི་ལུན་སོགས་གྲགས་ཅན་གྱི་འཁྲབ་སྟོན་པ་མང་པོ་ལས་རྣམ་པར་རྒྱལ་ཏེ་བུད་མེད་གཙོ་འཁྲབ་ཕུལ་བྱུང་གི་བྱ་དགའ་ཐོབ་པ་རེད།
         དབྱིན་ཇིའི་མི་རིགས་ནག་པོའི་སྐྱེས་པའི་འཁྲབ་སྟོན་གྲགས་ཅན་དབྱི་ཏེ་ལི་སི·ཨེའར་པས་《རྒྱལ་མཚམས་མེད་པའི་གཅན་གཟན་》ཞེས་པ་དང་། སུའེ་ཏེན་གྱི་བུད་མེད་འཁྲབ་སྟོན་མཁས་པ་ཨའེ་ལི་ཤིས་ཡ·ཝུའེ་ཁེན་ཏེས་《ཏེན་མག་གི་བུ་མོ་》ཞེས་པ་འཁྲབ་ནས་སྐབས་དེའི་འཁྲབ་སྟོན་པའི་ལས་རིགས་གཅིག་པའི་ལྷན་ཚོགས་ཀྱི་སྐྱེས་པ་དང་བུད་མེད་ཕུལ་བྱུང་འཁྲབ་སྟོན་རམ་འདེགས་པའི་བྱ་དགའ་ཐོབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།