འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་ནས་ཧྲིན་དབྱང་བར་གྱི་ཐད་གཏོང་འགྲུལ་སྐྱེལ་མེ་འཁོར་གཏོང་འགོ་འཛུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་02ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་བོད་ལྕགས་ལམ་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2016ལོའི་ཟླ་2ཚེས་4ཉིན་ནས་བཟུང་བོད་ལྗོངས་ནས་བྱང་ཤར་ཕྱོགས་སུ་ཐད་གཏོང་གི་འགྲུལ་སྐྱེལ་མེ་འཁོར་གཏོང་འགོ་འཛུགས་རྒྱུ་རེད།
         ཤེས་གསལ་ལྟར་ན། འགྲུལ་སྐྱེལ་མེ་འཁོར་འདི་གཏོང་འགོ་ཚུགས་ས་ནི་བོད་ལྗོངས་ལྷ་ས་མེ་འཁོར་འབབ་ཚུགས་ཡིན་པ་དང་། མཐའ་འཇུག་གི་འབབ་ཚུགས་ནི་ལུའོ་ཉིང་ཞིང་ཆེན་གྱི་ཧྲིན་དབྱང་མེ་འཁོར་འབབ་ཚིགས་བྱང་མ་ཡིན་ཞིང་། པེ་ཅིང་མེ་འཁོར་འབབ་ཚིགས་ནུབ་མར་མེ་འཁོར་རྒྱུན་མཐུད་འགྲུལ་སྐྱེལ་འཁོར་སྐྱོད་བྱ་ཐབས་སྤྱོད་རྒྱུ་རེད། མེ་འཁོར་ཨང་གྲངས་དེ་གནས་སྐབས་སུ་ལྷ་ས་ནས་པེ་ཅིང་མེ་འཁོར་འབབ་ཚུགས་ནུབ་མའི་བར་ལ་Z22དང་། པེ་ཅིང་མེ་འཁོར་འབབ་ཚུགས་ནུབ་མ་ནས་ཧྲིན་དབྱང་མེ་འཁོར་འབབ་ཚིགས་བྱང་མར་Z622བྱ་རྒྱུ་ཡིན་ལ། ལན་གཅིག་གི་འཁོར་སྐྱོད་ལམ་ཐག་ལ་སྤྱི་ལེ་4500ཡོད་ཅིང་། འཁོར་སྐྱོད་དུས་ཡུན་ནི་ཆུ་ཚོད་48ཡས་མས་ཙམ་དགོས་པ་རེད།
         ཟླ་2ཚེས་4ཉིན་ནས་བཟུང་ཤར་གཏོང་བྱེད་པའི་ལྷ་ས་ནས་ཧྲིན་དབྱང་བར་གྱི་འགྲུལ་སྐྱེལ་མེ་འཁོར་དེ་མཚོ་བོད་ལྕགས་ལམ་དང་། ལན་མཚོ་ལྕགས་ལམ། པའོ་ལན་ལྕགས་ལམ། ཐའེ་ཀྲུང་དབྱིན་ལྕགས་ལམ། ཅིང་ཀོང་ལྕགས་ལམ་སོགས་ཀྱི་ལམ་ཐིག་བརྒྱུད་དེ་བསྐྱོད་རྒྱུ་ཡིན་པས། བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། ཉིང་ཞ། ཧྲའན་ཤི། ཧྲན་ཞི། ཧོ་པའེ། པེ་ཅིང་། ལུའོ་ཉིང་བཅས་ཞིང་ཆེན་དགུ་བརྒྱུད་ནས་བསྐྱོད་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།