འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།རིགས་ཆེ་གྲས་བཅུ་ཡི་དམངས་ལ་སྟབས་བདེ་བསྐྲུན་རྒྱུའི་ཁྲལ་སྒྲུབ་བྱ་ཐབས་ཁག་31བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་30ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་27ཉིན་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རྒྱལ་ཁྲལ་དང་ས་གནས་ཀྱི་ཁྲལ་བསྡུ་ལེན་དོ་དམ་གྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞི་》པར་འགྲེམས་བྱས་རྗེས་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་《ཇུས་གཞིའི་》ནང་བཏོན་པའི་ཁྲལ་འཇལ་བའི་ཞབས་ཞུའི་ལམ་སྲོལ་གསར་གཏོད་བྱེད་པའི་སྒྱུར་བཅོས་བླང་བྱ་གཞིར་བཟུང་། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་འདི་ལོ“དམངས་ལ་སྟབས་བདེ་སྐྲུན་པའི་ཁྲལ་སྒྲུབ་དཔྱིད་རླུང་བྱ་སྤྱོད”གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་བསམ་འཆར་བཏོན་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཁྲལ་འཇལ་བའི་ཁྲལ་སྒྲུབ་ཀྱི“དཀའ་གནད”སོགས་ཐག་གཅོད་བྱ་རྒྱུ་ནས་འགོ་བཙུགས་ཏེ་རིགས་ཆེ་གྲས་བཅུ་ཡི་དམངས་ལ་སྟབས་བདེ་བསྐྲུན་པའི་ཁྲལ་སྒྲུབ་བྱ་ཐབས་ཁག་31བཏོན་ཏེ་སྒྱུར་བཅོས་ལས་དོན་སྤེལ་འགོ་ཚུགས་ཡོད་ཅིང་། ཞིབ་ཕྲའི་སྒྱུར་བཅོས་བྱ་ཐབས་ཁག་ནང་།
         “རྩ་གཉིས་ཨང་རྟགས”བཤར་འབེབས་བྱ་རྒྱུ་ཁྱབ་གདལ་བཏང་སྟེ་ཁྲལ་སྒྲུབ་བལྟས་པ་ཙམ་གྱིས་རྟོགས་ཐུབ་པ་བྱ་རྒྱུ་ཡིན་ཞིང་། 2016ལོའི་ཟླ་1ཚེས་1ཉིན་ནས་བཟུང“རྩ་གཉིས་ཨང་རྟགས”ཁྱབ་གདལ་བཏང་སྟེ་ལམ་ལུགས་བརྗོད་པ་དང་ཁྲལ་འཇལ་བས་ལག་ཐོགས་ཁ་པར་སོགས་སྒུལ་བདེའི་མཐའ་སྣེ་སྤྱད་དེ་རྩ་གཉིས་ཨང་རྟགས་གཤར་འབེབས་བྱས་ཚེ་ཁྲལ་སྒྲུབ་ལས་སྒོའི་སྲིད་ཇུས་གཏན་འབེབས་དང་། ལས་སྒྲུབ་བརྒྱུད་རིམ། དགོས་ངེས་ཀྱི་དཔྱད་གཞི་སོགས་ཆ་འཕྲིན་ཁག་110ཚང་མ་རིགས་དབྱེ་ནས་ཤེས་རྟོགས་ཐུབ་ཏེ་ཁྲལ་འཇལ་བ་དང་ཁྲལ་བསྡུ་ལེན་བྱེད་མཁན་ཕྱོགས་གཉིས་པོའི་ཆ་འཕྲིན་དེ་བས་དོ་མཉམ་བྱུང་ནས་ཁྲལ་འཇལ་བས་ཁྲལ་སྒྲུབ་ཐད་དེ་བས་ཁ་གསལ་ཡོང་ཐུབ་པ་བྱ་རྒྱུ་རེད།
         “དངུལ་ཁང་དང་ཁྲལ་དོན་ཕན་ཚུན་སྐུལ་འདེད”གཏོང་བའི་ཁྱབ་ཁོངས་རྒྱ་ཆེར་སོང་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་ལ་འདེགས་སྐྱོར་ཐུབ་པ་བྱ་རྒྱུ་ཡིན་ཞིང་། ཕན་ཚུན་ངོས་འཛིན་དང་ཕན་ཚུན་ཕན་པ་ཐོབ་པ་བྱེད་པ་དང་། མཐུན་སྦྱོར་ངང་སྐུལ་མ་གཏོང་བའི་རྩ་དོན་གཞིར་བཟུང“དངུལ་ཁང་དང་ཁྲལ་དོན་ཕན་ཚུན་སྐུལ་འདེད”སྔར་བས་རྒྱ་ཆེར་གཏོང་བའི་བསམ་འཆར་བཟོས་ཏེ་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་དང་དངུལ་རྩའི་སྒྲིག་གཞི་དང་མཉམ་དུ“དངུལ་ཁང་དང་ཁྲལ་དོན་ཕན་ཚུན་སྐུལ་འདེད”གཏོང་བའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་རྩ་མཉམ་འདྲེས་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་རེད།
         ཕྱོགས་བསྡུས་བློ་འདྲིའི་སྟེགས་བུ་བསྐྲུན་ཏེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞིང་། 2013ལོར་བཙུགས་པའི་12366ཞབས་ཞུའི་ཐད་སྦྲེལ་ཁ་པར་པེ་ཅིང་ཁྲལ་འཇལ་ཞབས་ཞུའི་ལྟེ་གནས་བཙུགས་པའི་རྨང་གཞིའི་ཐོག་2016ལོའི་ཟླ་1པོར་12366ཧྲང་ཧའེ་རྒྱལ་སྤྱིའི་ཁྲལ་འཇལ་ཞབས་ཞུའི་ལྟེ་གནས་བཙུགས་ཡོད་ཅིང་། རྨང་གཞི་དེའི་ཐོག་12366ཁྲལ་འཇལ་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་དང་རིམ་སྤོར་བྱས་ཏེ་དེ་ཉན་ཆོག་པ་དང་། འདྲི་ཆོག་པ། ལྟ་ཆོག་པ། འཚོལ་ཆོག་པ། ཁ་ཆད་བྱེད་ཆོག་པ། སྒྲུབ་ཆོག་པ་བཅས་ཀྱི་ཕྱོགས་བསྡུས་ཁྲལ་འཇལ་ཞབས་ཞུའི་སྟེགས་བུ་སྐྲུན་རྒྱུ་ཡིན་པ་རེད།
         གཞན་ཡང་ཁྲལ་དོན་སྡེ་ཚན་གྱིས་ད་དུང་ཁྲལ་འཇལ་བའི་ཁྲལ་འཇལ་གྱི་ཡིག་ཐོག་སྙན་ཞུ་འབུལ་བའི་གྲངས་ཚད་སྔར་བས་སྟབས་བདེ་རུ་བཏང་སྟེ་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བའི་གནས་ཐང་འཕར་ཁྲལ་དུས་ཚིགས་རེར་ཡིག་ཐོག་སྙན་ཞུ་རེ་འབུལ་རྒྱུ་ལག་བསྟར་བྱེད་པ་དང་། ཁྲལ་སྒྲུབ་ཕྱོགས་གཉིས་ལ་ཁ་ཆད་བྱས་ཏེ་ཁྲལ་འཇལ་བས་སྒུལ་བདེའི་སྟེགས་བུ་དང་དྲ་སྦྲེལ་སོགས་སྤྱད་དེ་ཁྲལ་སྒྲུབ་ཞབས་ཞུའི་ཐིང་ལ་ཁྲལ་དོན་དང་འབྲེལ་བ་ཡོད་པའི་གནད་དོན་སྒྲུབ་རྒྱུའི་ཁ་ཆད་བྱེད་པ་དང་ཁྲལ་དོན་ལས་ཁུངས་ཀྱིས་རང་འགུལ་ངང་ཁྲལ་འཇལ་བར་ཁྲལ་དོན་གཉེར་མང་བའི་སྒང་ལས་གཡོལ་བའི་ཁྲལ་སྒྲུབ་ལས་དོན་སྤེལ་རྒྱུའི་ཁ་ཆད་བྱེད་པ། ཁྲལ་སྒྲུབ་ཤོག་ཐོག་ཏུ་འགོད་མི་དགོས་པ་དང་རེའུ་མིག་རྒྱོང་མི་དགོས་པ་ཁྱབ་གདལ་མགྱོགས་མྱུར་གཏོང་བ། ཁྲལ་འཇལ་བས་ཞབས་ཞུའི་ཞུ་གཏུག་ལས་དོན་སྒྲུབ་པའི་འཕེལ་རིམ་དྲ་ཐོག་ནས་བཙལ་འཚོལ་ཐུབ་པ་སོགས་བྱས་ཏེ་རྟག་ཏུ་རྒྱུན་ཆད་མེད་པར་རིམ་འཕར་ཡོང་བ་བྱས་ཏེ་སྒྱུར་བཅོས་ཀྱི་ཁེ་སྤོགས་རྒྱུན་མཐུད་ངང་ཐོབ་ཐུབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།