འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོར་ཡུན་ནན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་
    འབོར་སྒོར་དུང་ཕྱུར་100ལས་ཐེངས་དང་པོར་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་30ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཡུན་ནན་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདས་མ་ཐག་པའི་2015ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་སྐྱོད་ཐད་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ཞིང་། དཔལ་འབྱོར་སྟོན་གྲངས་གཙོ་བོ་བརྟན་པོར་འཕར་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་ཚང་མ་གྲུབ་འབྲས་ཐོབ་པའི་ངང་ལེགས་གྲུབ་བྱུང་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་100ལས་ཐོག་མར་བརྒལ་ཡོད།
         2015ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་100.9ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་9%འཕར་བ་དང་། གཞི་ཁྱོན་ཡན་གྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་བྱས་ཚད་སྒོར་དུང་ཕྱུར་147.2ཟིན་པ་དེ་དུས་མཚུངས་ལས་18%འཕར་བ། གྲོང་ཁོངས་ཀྱི་ས་གནས་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་11.17ཟིན་པ་དེ་དུས་མཚུངས་ལས་12%འཕར་བ། གྲོང་ཁྱེར་རིམ་པའི་ས་གནས་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་5.4ཟིན་པ་དེ་དུས་མཚུངས་ལས་8%འཕར་བ། སྤྱི་ཚོགས་འཛད་སྤྱོད་སིལ་ཚོང་བསྡོམས་འབོར་སྔོན་རྩིས་བརྒྱབ་ན་སྒོར་དུང་ཕྱུར་30.6ཟིན་པ་དེ་དུས་མཚུངས་ལས་10%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཏན་སྡོད་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔོན་རྩིས་བརྒྱབ་ན་སྒོར་28200ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་ལས་11%འཕར་བ། གྲོང་གསེབ་ཀྱི་གཏན་སྡོད་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔོན་རྩིས་བརྒྱབ་ན་སྒོར་6811ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་ལས་15%འཕར་བ་བཅས་རེད།
         ཐོན་ལས་གྲུབ་ཆའི་ཐོག་ནས་བལྟས་ན། 2015ལོར་གྲོང་ཁྱེར་དེའི་ཐོན་ལས་དང་པོ་བརྟན་པོར་འཕེལ་ནས་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་(དངུལ་སྨར)སྒོར་དུང་ཕྱུར་7.35ཟིན་ཏེ་རིན་ཐང་འཕར་མ་སྒོར་དུང་ཕྱུར་4.22བྱུང་བ་དེ་དུས་མཚུངས་ལས་6.2%འཕར་བ་དང་། ཐོན་ལས་གཉིས་པ་བརྟན་པོར་འཕེལ་ནས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐངསྒོར་དུང་ཕྱུར་38.68ཟིན་ཏེ་རིན་ཐང་འཕར་མ་སྒོར་དུང་ཕྱུར་36.74བྱུང་བ་དེ་དུས་མཚུངས་ལས་11.5%འཕར་བ། ཐོན་ལས་གསུམ་པ་མགྱོགས་མྱུར་འཕེལ་ནས་ལོ་ཧྲིལ་པོར་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་1240ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་22%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་110ཟིན་པ་དེ་དུས་མཚུངས་ལས་24%འཕར་བ་དང་རིན་ཐང་འཕར་མ་སྒོར་དུང་ཕྱུར་59.99ཟིན་པ་དེ་དུས་མཚུངས་ལས་9.8%འཕར་བ་བཅས་ཐོན་ལས་གྲུབ་ཆའི་བསྡུར་ཚད་དེ་4.2:36.4:59.4ལ་སྙོམས་སྒྲིག་བྱས་ཡོད་པ་རེད།
         2015ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྣམ་གྲངས་ཀྱིས་མ་འཇོག་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་ཐོག་མཐའ་བར་གསུམ་དུ་འགྱུར་བ་སྤུ་ཙམ་ཡང་མ་བཏང་བའི་ཁར། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་པའི་རྣམ་གྲངས་145ལག་བསྟར་བྱེད་རྒྱུའི་སྒྲིག་འཛུགས་བྱས་ཐོག་རྣམ་གྲངས་86གསར་དུ་བསྣན་པར་སྔོན་རྩིས་བརྒྱབ་ན་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་147.2ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་ལས་18%འཕར་ནས་གྲོང་ཁྱེར་དེ་ཡོངས་ཀྱི་རྣམ་གྲངས་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།