འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།འགྲིམ་འགྲུལ་ལས་འཛོལ་ཐག་གཅོད་མྱུར་ལ་གུན་གསབ་མགྱོགས་མྱུར་སྤྲོད་པའི་ལམ་
    སྲོལ་དེ་གཞུང་ལམ་དང་གྲོང་གསེབ་ས་ཁུལ་དུ་སྣུར་སྲིང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་30ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྤྱི་བདེ་པུའུ་དང་ཀྲུང་གོ་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་ཐོག་བརྡ་ཐོ་པར་འགྲེམས་བྱས་ཏེ་ལོ་འདིའི་ནང་ཞིང་ཆེན་10དང་གྲོང་ཁྱེར་3དུ་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཐག་གཅོད་མྱུར་པོ་དང་གུན་གསབ་མགྱོགས་མྱུར་སྤྲོད་པའི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་བཀོད་སྒྲིག་བྱས་ནས་འགྲིམ་འགྲུལ་ལས་འཛོལ་ཆུང་གྲས་ཐག་གཅོད་མྱུར་པོ་བྱེད་པའི་ལམ་སྲོལ་དེ་གཞུང་ལམ་དང་གྲོང་གསེབ་ས་ཁུལ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་ཐོན་ཡུལ་དུ་ཕྱིར་བཤོལ་དུས་ཐོག་ཏུ་མ་བྱས་པའི་རྐྱེན་ལས་ཐོན་པའི་འགྲིམ་འགྲུལ་འགག་པ་དང་ལས་འཛོལ་ཐེངས་གཉིས་པ་ཐོན་རྒྱུར་དོགས་ཟོན་གྱིས་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་ལས་ཐོན་པའི་འགལ་བ་དང་རྩོད་གཞི་མགྱོགས་མྱུར་བསལ་ནས་དོ་བདག་གི་གྱོང་གུན་ཁ་གསབ་གྱི་རྩོད་གཞི་གཞུང་དྲང་དང་མགྱོགས་མྱུར་ངང་བསལ་ཐུབ་པ་བྱ་རྒྱུ་རེད།
         མིག་སྔའི་བར། རང་རྒྱལ་གྱི་འཕྲུལ་སྒུལ་འཁོར་རིགས་བེད་སྤྱོད་བྱེད་ཚད་འཁོར་གྲངས་དུང་ཕྱུར་2.7ཟིན་ཡོད་པ་དང་། ཁ་ལོ་བ་དུང་ཕྱུར་3.2ཙམ་ཡོད་པས་མ་འོངས་པའི་ལོ་10ཡི་ནང་འཕྲུལ་སྒུལ་འཁོར་རིགས་དང་ཁ་ལོ་བའི་གྲངས་ཚད་སྔར་རྒྱུན་བཞིན་འཕར་མྱུར་བའི་དུས་མཚམས་སུ་སླེབས་རྒྱུ་ཡིན་པས་སྤྱི་བདེ་པུའུ་དང་ཀྲུང་གོ་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལོ་མང་གི་ལག་ལེན་ལས་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་དུ་འགྲིམ་འགྲུལ་ལས་འཛོལ་ཆུང་གྲས་ཐག་གཅོད་མགྱོགས་པོ་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་དོ་བདག་གི་འགྲིམ་འགྲུལ་ལས་འཛོལ་ཆུང་གྲས་ཐག་གཅོད་བྱེད་པའི་དུས་ཚོད་ཐུང་དུ་ཆེས་ཆེར་ཕྱིན་པ་དང་ཐག་གཅོད་ཀྱི་ལས་ཆོད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ་དོ་བདག་ལ་སྟབས་བདེ་བསྐྲུན་ཡོད། ཁྲིམས་ལྟར་བཅོས་སྐྱོང་དང་དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུའི་ནུས་པ་སྔར་བས་མཐོ་རུ་གཏོང་ཆེད། སྡེ་ཚན་གཉིས་པོས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ལས་འཛོལ་ཐག་གཅོད་མྱུར་པོ་དང་གུན་གསབ་མགྱོགས་མྱུར་སྤྲོད་པའི་ལས་དོན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་གནད་སྨིན་འཐུས་ཚང་གི་ལམ་སྲོལ་དེ་གཞུང་ལམ་དང་གྲོང་གསེབ་ས་ཁུལ་དུ་སྣུར་སྲིང་བྱ་རྒྱུའི་གཏན་འཁེལ་བྱ་རྒྱུ་རེད། 2016ལོར། དང་ཐོག་ཐན་ཅིན་དང་། ལེའོ་ཉིང་། ཅི་ལིན། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཀོང་ཤིས། ཀུའེ་ཀྲོའུ། ཡུན་ནན། ཀན་སུའུ་སོགས་ཞིང་ཆེན་(ཐད་གཏོགས་གྲོང་ཁྱེར)10དང་པའོ་ཐོའུ་དང་། ཀྲུའུ་ཧའེ། ཤིས་ཨན་སོགས་གྲོང་ཁྱེར་3དུ་སྒྱུར་བཅོས་ཀྱི་ཚོད་ལྟ་བྱ་རྒྱུ་ཡིན་པ་རེད།
         འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་སྤྱི་བདེ་པུའུ་དང་ཀྲུང་གོ་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་གོ་རིམ་དང་དུས་མཚམས་དབྱེ་ནས་ཚོད་ལྟ་བྱ་ཡུལ་གྱི་ལས་དོན་ལ་སྒྱུར་བཅོས་བྱེད་པའི་རྨང་གཞིའི་ཐོག་འདྲ་བཟོས་དང་ཁྱབ་གདལ་གཏོང་ཆོག་པའི་ཚོད་ལྟའི་ཉམས་མྱོང་ཁག་གཅིག་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་ནས་གཞུང་ལམ་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་ལས་འཛོལ་ཐག་གཅོད་མྱུར་པོ་དང་གུན་གསབ་མགྱོགས་མྱུར་སྤྲོད་པའི་ལས་ཀའི་རྣམ་པ་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་གྱི་འགན་བཅོལ་གསབ་འཇུག་གི་ལས་ཆོད་མཐོ་རུ་བཏང་སྟེ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་འགྲིམ་འགྲུལ་ལས་འཛོལ་ཐག་གཅོད་མྱུར་པོ་དང་གུན་གསབ་མགྱོགས་མྱུར་སྤྲོད་པའི་ལས་ཀའི་རྣམ་པ་ཞིག་ཆགས་གང་ཐུབ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།