འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཕུའུ་ཅིང་གིས་རུལ་རྒོལ་བྱེད་ཐབས་སྔར་ལས་ནན་པ་སྤྱོད་དགོས་པའི་བླང་བྱ་བཏོན་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་30ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་26ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་རུལ་རྒོལ་བྱེད་ཐབས་སྔར་ལས་ནན་པ་སྤྱད་ནས་རྒྱལ་ཁབ་ལ་ཕོག་པའི་གྱོང་གུན་གསབ་དགོས་ཞེས་གསུངས་པ་རེད།
         ཉིན་དེར་མོ་སི་ཁོར་འཚོགས་པའི་རུལ་རྒོལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཕུའུ་ཅིང་གིས་ཨུ་རུ་སུའི་རུལ་རྒོལ་ཁྲིམས་བཙུགས་དང་རུལ་རྒོལ་ལག་ལེན་གཉིས་འཛམ་གླིང་གི་ཚད་གཞི་དང་མཐུན་པ་དང་། རུལ་རྒོལ་ཐད་ནུས་ལྡན་གྱི་བྱེད་ཐབས་མི་ཉུང་བ་ཡོད་པ། རུལ་རྒོལ་ལས་དོན་གྱི་དམིགས་ཚད་ཁ་གསལ་བ། རུལ་རྒོལ་ལམ་སྲོལ་ཁྱབ་གདལ་བྱུང་ཡོད་ཅེས་གསུངས་པ་རེད། 2015ལོའི་ཟླ་བ་དང་པོ་ནས་དགུ་པ་ཁོ་ནའི་བར་ཨུ་རུ་སུར་རུལ་སུངས་གནད་དོན་གྱི་རྐྱེན་གྱིས་ཁྲིམས་ཆད་འཕོག་པའི་མི་གྲངས་8800ལྷག་ཙམ་ཟིན་པ་དང་སྒྲིག་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་བཏང་བའི་གཞུང་ཞབས་པ་ཁྲི་1.1ཙམ་ཟིན་ཡོད་པ་རེད།
         ཕུའུ་ཅིང་གིས་ད་ཆ་རུལ་རྒོལ་འཐབ་རྩོད་ལས་དོན་སྔར་བས་ཡག་པོ་སྤེལ་དགོས། དེའི་ནང་གི་ཁ་ཕྱོགས་གཙོ་བོ་ནི་རུལ་རྒོལ་ཁྲིམས་སྲུང་འདུ་ཤེས་ཆེ་རུ་དང་སྔོན་རྩིས་གཏོང་སྤྲོད་ལྟ་སྐུལ་དོ་དམ་སྒྲིག་གཞིའི་ལས་དོན་འཐུས་ཚང་དུ་བཏང་སྟེ་ཐོག་མའི་དུས་མཚམས་ནས་གཞུང་དངུལ་ལྐོག་ཟ་སྔོན་འགོག་བྱེད་དགོས་པ་དེ་ཡིན་ཞེས་གསུངས་པ་རེད།
         ཕུའུ་ཅིང་གིས་ཨུ་རུ་སུས་རུལ་རྒོལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ཚུད་པའི་ཁྲིམས་འགལ་ངང་ཐོབ་པའི་དོགས་ཡོད་དངུལ་འདེད་ལེན་བྱེད་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།