འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་དགུན་དུས་ཡུལ་སྐོར་ལ་རྣམ་པ་གསར་པ་མངོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་30ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟི་ལིང་གྲོང་ཁྱེར་གཞོན་ནུའི་ཡུལ་སྐོར་ལས་དོན་ཁང་གི་ལས་དོན་པ་སུན་ཕུའུ་ཡིས“ཉེ་དུས་གནམ་གཤིས་ཇེ་གྲང་དུ་ཕྱིན་ནའང་འཁྱག་རོམ་ལ་ལྟ་བ་དང་གངས་རྩེད་ལ་དགའ་བའི་ཡུལ་སྐོར་བ་མང་པོའི་སྤྲོ་སེམས་ཆག་མེད”ཅེས་གསར་འགོད་པར་བཤད།
         ཉེ་ཆར། ཀྲུང་གོའི་ས་ཆ་མང་ཆེ་བར་ནམ་རྒྱུན་དང་མི་འདྲ་བར་གྲང་ངད་ཆེ་བ་དང་དྲོད་ཚད་ཆག་པའི་དབང་གིས་མི་མང་པོའི་འཚོ་བར་དཀའ་ངལ་བཟོས་ཡོད། མཚོ་སྔོན་དུའང་དགུན་ཁ་ཤར་ཚུན་དུས་ཡུན་རིང་ཤོས་ཀྱི་དྲོད་ཚད་དམའ་བ་དང་གྲང་ངད་ཆེ་ཤོས་ཀྱི་གནམ་གཤིས་བསྟན་པས་ཆ་སྙོམས་དྲོད་ཚད་དེ་ལོ་ལྟར་ལས་ཧྲེ་ཧྲི་ཏུའུ་བཅུ་གྲངས་ཀྱིས་དམའ་རུ་ཕྱིན་པ་མ་ཟད། ས་ཁུལ་ཁག་གཅིག་གི་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20བར་དམའ་རུ་སོང་ཡོད།
         ཟི་ལིང་གྲོང་ཁྱེར་གཞོན་ནུའི་མགྲོན་ཁང་གི་ཅིང་ལི་ལེའང་ཧེང་ཡུས་ཀྱིས་གསར་འགོད་པར་དྲོད་ཚད་ཇི་ཙམ་གྱིས་དམའ་བ་ཡོད་ན་མཚོ་སྔོན་གྱི་གངས་འཁྱགས་ཀྱི་མཛེས་ལྗོངས་ཁུལ་དུ་མི་དེ་ཙམ་གྱིས་མང་བ་ཡོད་པ་དང་། གྲང་ངད་ཆེ་བའི་གནམ་གཤིས་ཀྱིས་ཡུལ་སྐོར་བ་ཚོས་གངས་འཁྱགས་ལུས་རྩལ་ཉམས་སུ་མྱོང་རྒྱུར་སྐུལ་མ་ཐེབས་ཐུབ་ཅེས་བཤད། ཁོང་གིས“ཉིན་འདི་དག་ནང་མཚོ་སྔོན་གྱི་གངས་ཤུད་ར་བ་ཆེ་གྲས་ཁག་གི་ཚོང་ཧ་ཅང་ཡག་པོ་ཡོད་པ་དང་དགུན་དུས་སུ་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གྲོང་གསེབ་ཏུ་ཡུལ་སྐོར་བྱེད་མཁན་ཡང་ཧ་ཅང་མང་པོ་ཡོད་པ་རེད། བརྗོད་རིན་ཡོད་པ་ཞིག་ནི་རྐང་ཐང་ཡུལ་སྐོར་ལ་དགའ་པོ་བྱེད་མཁན་མང་པོས་དགུན་དུས་སུ་ཡང་མཚོ་སྔོན་པོར་རྐང་ཐང་མར་ཡུལ་སྐོར་དུ་འགྲོ་རྒྱུར་དགའ་པོ་བྱེད་ཀྱི་ཡོད”ཅེས་གསར་འགོད་པར་བཤད།
         དགུན་ཁ་སླེབས་རིམ་བཞིན་ཡུལ་སྐོར་ལས་རིགས་སྤྱིར་བཏང་ཡིན་པའི་མཚོ་སྔོན་གྱིས་ད་ཆ“གངས་འཁྱགས་ཡུལ་སྐོར”གྱི་མིང་བྱང་གཏོད་བཞིན་ཡོད་པས། ཡུལ་སྐོར་ལས་རིགས་ཀྱི་གོ་སྐབས་ལ་བརྟེན་ནས་ཡུལ་སྐོར་དཔལ་འབྱོར་གྱི་གྲུབ་ཆ་རྐྱང་པ་ཡིན་པའི་རྣམ་པར་འགྱུར་ལྡོག་བཏང་ཡོད།
         ཡུལ་སྐོར་ལས་རིགས་རྣམ་པ་སྣ་ཚོགས་ཐོག་ནས་འཕེལ་རྒྱས་འགྲོ་བ་དང་བསྟུན་ཏེ་ཉེ་འཁོར་གྱི་ཡུལ་སྐོར་སྒྲིག་ཆས་ཀྱང་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ཡོད། སྐྱིད་སྣང་དོད་པའི་མགྲོན་ཁང་དང་། ཚད་གཞི་མཐོ་བའི་འཁྱག་རོམ་ཁྲོད་ཀྱི་ཡུལ་སྐོར་སྒྲིག་ཆས། ཉིན་བཞིན་ལེགས་སུ་འགྲོ་བའི་འགྲིམ་འགྲུལ་འགྲོ་ལམ་བཅས་ཚང་མས་ཡུལ་སྐོར་བ་ཕྱིར་བསྐྱོད་རྒྱུར་སྟབས་བདེ་མང་པོ་བསྐྲུན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།