འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་དཔལ་འབྱོར་ལ་རེ་བ་ཆེན་པོ་བཅོལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་30ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་27ཉིན་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐར་འཚོགས་པའི“2016ལོའི་མ་འཇོག་གླེང་སྟེགས”ཐོག་ཧིན་རྡུ་ཉི་ཞི་ཡའི་ནོར་སྲིད་པུའི་པུའུ་ཀྲང་བང་པང་གིས་གཏམ་བཤད་གནང་ཞིང་། ཁོང་གིས་ཀྲུང་གོས་ད་ལྟའི་དཔལ་འབྱོར་འཕར་ཚད་འགོར་དུ་བཏང་ནའང་ཀྲུང་གོའི་དཔལ་འབྱོར་གོམ་པ་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བཞིན་ཡོད་པ་མ་ཟད། ད་དུང་ཨ་རིའི་གནས་བབ་ཀྱི་ཚབ་བརྗེ་ཐུབ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྟོབས་ཆེའི་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུ་རེད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེ་དབྱིབས་ཕྱོགས་སྒྱུར་དང་འཚམ་ཐུབ་པ་བྱས་ཏེ་ཧིན་རྡུ་ཉི་ཞི་ཡའི་ཕྱིར་གཏོང་དང་ཕྱི་ཕྱོགས་མ་དངུལ་ཐད་ཀར་འཇོག་པའི་འཐབ་ཇུས་ལ་འགྱུར་བ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
           ཧིན་རྡུ་ཉི་ཞི་ཡའི་ནོར་སྲིད་པུའི་པུའུ་ཀྲང་གིས་གསུང་བཤད་གནང་རིང་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཅུང་འགོར་དུ་སོང་མོད། འོན་ཀྱང་ཀྲུང་གོའི་རྒྱལ་ནང་གི་གཙོ་གལ་ཆེ་བའི་བཟོ་ལས་འཛུགས་སྐྲུན་ཐད་བར་སྟོང་ཆེན་པོ་མེད་ནའང་དེའི་ཐད་སྤྱོད་པའི་མ་དངུལ་ཤིན་ཏུ་མང་པོ་ཡོད་པ་དག་གིས་ཕྱི་ཕྱོགས་སུ་འཕེལ་རྒྱས་ཡོང་བ་བྱ་རྒྱུའི་འདུན་པ་འཆང་གི་ཡོད། དེ་མིག་སྔར་ཧིན་རྡུ་ཉི་ཞི་ཡའི་ངོས་ནས་བརྗོད་ན་གོ་སྐབས་བཟང་པོ་ཞིག་ཡིན། ཧིན་རྡུ་ཉི་ཞི་ཡས་ཧིན་ཀྲུང་དབར་གྱི་མཛའ་གྲོགས་འབྲེལ་བར་བརྟེན་ནས་ཀྲུང་གོའི་ཐད་ཀའི་མ་འཇོག་སྔར་ལས་མང་བ་ཞིག་གི་ཡིད་དབང་འགུགས་ཐབས་བྱེད་དགོས། བྱ་བ་དེ་ལམ་ལྷོངས་བྱུང་ན་ཀྲུང་གོ་འདི་ཉིད་ཧིན་རྡུ་ཉི་ཞི་ཡའི་མ་འཇོག་ཡོང་ཁུངས་ཀྱི་རྒྱལ་ཁབ་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་ཞེས་སྔར་ལས་ལྷག་པའི་མཛུབ་སྟོན་གནང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།