འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཆི་རུའེ་རླངས་འཁོར་ཀུང་སིའི་ཏུང་ཧྲེ་ཀྲང་གིས་དབྱི་རན་གྱི་རླངས་འཁོར་ཁྲོམ་ར་དེ་ཀྲུང་
    གོའི་སྤུས་རྟགས་ཀྱི་ཁྱད་ཆོས་དང་འཚམ་པོ་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་30ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཆི་རུའེ་རླངས་འཁོར་ཀུང་སིའི་ཏུང་ཧྲེ་ཀྲང་དབྱི་ཐུང་གཡོད་ཀྱིས་ཉེ་དུས་དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ་ཤིན་ཧྭ་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་སྤུས་གོང་བསྡུར་ཚད་ལ་སྣང་ཆེན་བྱེད་པའི་དབྱི་རན་གྱི་རླངས་འཁོར་ཁྲོམ་ར་དེ་ཀྲུང་གོའི་སྤུས་རྟགས་ཀྱི་ཁྱད་ཆོས་དང་འཚམ་པོ་ཡོད་ཅེས་བཤད།
         ནུབ་ཕྱོགས་ཀྱིས་དབྱི་རན་གྱི་དཔལ་འབྱོར་བཀག་སྡོམ་མེད་པ་བཟོས་པ་དང་བསྟུན་ནས་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པའི་དབྱི་རན་གྱི་རླངས་འཁོར་ཁྲོམ་རར་ཡང་ནུབ་ཕྱོགས་ཀྱི་རླངས་འཁོར་ཁེ་ལས་ཀྱི་དོ་སྣང་ཐོབ་ཡོད་པས་དབྱི་ཐུང་གཡོད་ཀྱིས་དབྱི་རན་གྱི་རླངས་འཁོར་ཁྲོམ་རའི་ཐོན་རྫས་ཀྱི་སྤུས་གོང་བསྡུར་ཚད་ཀྱི་བླང་བྱ་མཐོ་བ་དེ་ཀྲུང་གོའི་ཐོན་རྫས་ཀྱི་ཁྱད་ཆོས་དང་ཏག་ཏག་འཚམ་ནས་ཀྲུང་གོའི་རང་བདག་སྤུས་རྟགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།
         གྲངས་གཞི་ལས་མངོན་པར། ཆི་རུའེ་དབྱི་རན་གྱི་ཁྲོམ་རའི་ཐོག་བཏོན་ནས་ལོ་11ནང་རིམ་རྩིས་ལྟར་ན་རླངས་འཁོར་ཁྲི་18བཙོངས་ཟིན་པའི་ནང་2015ལོར་ཁྲི་3.7བཙོངས་ནས་ཁྲོམ་ར་བཟུང་ཚད་5.5%ཟིན་ཏེ་དབྱི་རན་གྱི་གཞུང་ཁོངས་རླངས་འཁོར་ཁེ་ལས་ཆེ་གྲས་ཧོ་ཏེ་ལུའོ་དང་སེ་ཕ་གཉིས་དང་མཉམ་པར་སླེབས་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལོ་11འཕེལ་རྒྱས་བཏང་བ་བརྒྱུད་དབྱི་རན་འདི་ཉིད་ཆི་རུའེ་ཡི་ཕྱི་རྒྱལ་དུ་ཡོད་པའི་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད། མིག་སྔར་དབྱི་རན་དུ་ཆི་རུའེ་ཡི་4Sཚོང་ཁང་160ཙམ་ཡོད་པ་དེ་གྲོང་ཁྱེར་ཆེ་འབྲིང་གང་སར་ཁྱབ་པ་མ་ཟད་ཕྱིར་ཚོང་དང་། ཞབས་ཞུ། ལག་རྩལ་བཅས་ཀྱི་མ་ལག་ཁྱོན་ཡོངས་ནས་བཙུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།