འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱུན་གཏན་འགྲོ་སྐྱོད་ཉུང་དྲགས་ན་གཅིན་སྙི་ཟགས་ཁུའི་ནད་ཕོག་ཉེན་ཆེ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་30ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་རི་པིན་གཞུང་བཙུགས་འབྲས་སྐྲན་ཞིབ་འཇུག་ལྟེ་གནས་ཀྱིས་སྤྱི་བསྒྲགས་ཤིག་ཡོངས་བསྒྲགས་བྱས་པའི་ནང་བརྟག་དཔྱད་བྱས་པ་ལས་ཉིན་ལྟར་འགྲོ་སྐྱོད་སྐར་མ་30ལས་ཉུང་བ་བྱེད་མཁན་ཉིན་ལྟར་གོམ་བགྲོད་ཆུ་ཚོད་གཉིས་ཡན་བྱེད་མཁན་དང་བསྡུར་ན་གོང་མ་དེར་གཅིན་སྙི་ཟགས་ཁུའི་ནད་གཞི་ཕོག་ཉེན་རྗེས་མའི་ལྡབ་1.23རེད་ཅེས་བརྗོད་པ་རེད།
         རི་པིན་གཞུང་བཙུགས་འབྲས་སྐྲན་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་ཚོགས་ཆུང་གིས་1998ལོ་ནས་2000ལོའི་བར་གཅིན་སྙི་ཟགས་ཁུའི་ནད་གཞི་བརྟག་དཔྱད་ནང་ཞུགས་མཁན་མིར་དམིགས་ནས་རང་ཉིད་ལ་གཅིན་སྙི་ཟགས་ཁུའི་ནད་གཞི་ཕོག་པ་ཤེས་མཁན་ཕུད་རང་ཉིད་ལ་གཅིན་སྙི་ཟགས་ཁུའི་ནད་ཕོག་མེད་པ་ངོས་འཛིན་བྱེད་མཁན་མི་ཁྲི་2.6ལ་བརྟག་དཔྱད་བྱས་ཏེ་ཁོང་ཚོའི་ཉིན་རེའི་འགྲོ་སྐྱོད་དུས་ཚོད་དང་གཅིན་སྙི་ཟགས་ཁུའི་ནད་ཕོག་པའི་འབྲེལ་བར་དབྱེ་ཞིབ་བྱས་པ་རེད།
         མི་དེ་དག་གཅིན་སྙི་ཟགས་ཁུའི་ནད་གཞི་བརྟག་དཔྱད་ནང་ཞུགས་སྐབས་ཀྱི་ཆ་སྙོམས་ལོ་ཚད་ལོ་62ཡིན་པ་དང་དེའི་ནང་སྐྱེས་པས་36%བཟུང་ཡོད། ཞིབ་འཇུག་ཚོགས་ཆུང་གིས་ཞིབ་བཤེར་བྱས་པ་ལས་ཁོང་ཚོའི་ཁྲོད་ཀྱི་མི་1058ལ་གཅིན་སྙི་ཟགས་ཁུའི་ནད་ཕོག་པ་ཤེས་ནའང་རང་ཉིད་ཀྱིས་ད་དུང་ཤེས་ཚོར་བྱུང་མེད།
         ཞིབ་འཇུག་ཚོགས་ཆུང་གིས་གཟུགས་པོའི་ལྗིད་ཚད་དང་ལོ་ན་སོགས་ཀྱི་ཤུགས་རྐྱེན་སེལ་རྗེས་དབྱེ་ཞིབ་བྱས་པ་བརྒྱུད་ཉིན་ལྟར་འགྲོ་སྐྱོད་ཆུ་ཚོད་གཉིས་ཡན་བྱེད་མཁན་(མི་ཁྲི་1ཙམ)དང་བསྡུར་ན་ཉིན་ལྟར་འགྲོ་སྐྱོད་སྐར་མ་30ཡང་མ་ཟིན་པའི་མི་(མི་4000ཙམ)ལ་གཅིན་སྙི་ཟགས་ཁུའི་ནད་གཞི་ཕོག་པའི་ཉེན་ཁ་དེ་གོང་མའི་ལྡབ་1.23ཡིན་པ་རེད། དར་མས་འགྲོ་སྐྱོད་སྐར་མ་30བྱས་པ་དེ་གོམ་པ་3000སྤོས་པ་དང་མཚུངས་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།