འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཁ་ན་ཏའི་སྤྱི་དམངས་ཞིག་ལ་ཁྲིམས་འགལ་ངང་རྒྱལ་ཁབ་གཞན་གྱི་གསང་བར་མྱུལ་ཞིབ་དང་
    རྐུ་ལེན་གྱི་དོགས་གཞི་ཡོད་པས་ཁྲིམས་སྦྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་29ཉིན། 15:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཁ་ན་ཏ་རྒྱལ་ཁབ་ཀྱི་སྤྱི་དམངས་ཁའེ་ཝུན•ཀའོ་(KEVIN GARRATT)ཡིས་ཁྲིམས་འགལ་ངང་རྒྱལ་ཁབ་གཞན་གྱི་གསང་བར་མྱུལ་ཞིབ་དང་རྐུ་ལེན་བྱས་པའི་དོགས་གཞི་ཡོད་པས། ཉེ་སྔོན་ཞིག་ལ་ལུའོ་ཉིང་ཞིང་ཆེན་ཏན་ཏུང་གྲོང་ཁྱེར་གྱི་མི་དམངས་ཞིབ་དཔྱོད་ཁང་གིས་ཏན་ཏུང་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་པ་རེད།
         གསར་འགོད་པས་འབྲེལ་ཡོད་ཐབས་ལམ་བརྒྱུད་དེ་རྒྱུས་ལོན་བྱུང་བ་ལྟར་ན། འབྲེལ་ཡོད་སྡེ་ཁག་གིས་གྱོད་དོན་སྒྲུབ་པའི་གོ་རིམ་ཁྲོད་དུ་ཁའེ་ཝུན•ཀའོ་ཡིས་ཁ་ན་ཏ་རྒྱལ་ཁབ་ཀྱི་གསང་མྱུལ་བའི་གསང་འཕྲིན་ལས་ཁུངས་ཀྱི་ལས་འགན་དང་ལེན་བྱས་ཏེ་ཀྲུང་གོ་ནས་གསང་འཕྲིན་འཚོལ་བསྡུ་བྱས་པའི་ཁུངས་སྣེ་རྙེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།