འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་གྲོས་ཨུ་ཡོན་བདེ་ཆེན་དམང་མོས་ལྷ་སའི་མཁའ་རླུང་གི་སྤུས་ཚད་སྲུང་སྐྱོང་བྱ་རྒྱུ་དེ་
    ཆུ་མ་ཡོང་གོང་ནས་རགས་རྒྱག་པ་ལྟ་བུར་གྱུར་འདུག་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་29ཉིན། 15:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྲིད་གྲོས་ཨུ་ཡོན་བདེ་ཆེན་དམང་མོས་ལྷ་སའི་མཁའ་རླུང་གི་སྤུས་ཚད་སྲུང་སྐྱོང་བྱ་རྒྱུ་དེ་
ཆུ་མ་ཡོང་གོང་ནས་རགས་རྒྱག་པ་ལྟ་བུར་གྱུར་འདུག་ཅེས་བརྗོད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་དུ་རླངས་འཁོར་གྱི་དུ་བ་དང་བཟོ་བཀོད་འཛུགས་སྐྲུན་གྱི་ས་རྡུལ་སོགས་ཇེ་མང་དུ་ཕྱིན་ནས་ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུད་ཚད་ལ་འགྱུར་ལྡོག་འབྱུང་བར་ཉེན་ཁ་ཐེབས་ཀྱི་འདུག  ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་སྲུང་སྐྱོང་བྱ་རྒྱུ་དེ་ནི་ཆུ་མ་ཡོང་གོང་ནས་རགས་རྒྱག་པ་ལྟ་བུར་གྱུར་འདུག་ཅེས་མིག་སྔར་བོད་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་བཞིན་པའི་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་བདེ་ཆེན་དབང་མོས་བརྗོད་པ་རེད།
         བདེ་ཆེན་དབང་མོས། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་ནི་ཧ་ཅང་གི་མགྱོགས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱང་མངོན་སུམ་དུ་ཇེ་མཐོར་སོང་འདུག  ཁྱིམ་ཚང་གཅིག་ལ་རླངས་འཁོར་གཉིས་དང་གསུམ་ཙམ་འདུག་པས། གྲོང་ཁྱེར་ཡོངས་ཀྱི་རླངས་འཁོར་གྲངས་ཀ་གློ་བུར་ངང་མང་དུ་འཕར་འདུག  གལ་སྲིད་ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་གྲངས་ཀ་འདི་ལྟར་མང་དུ་འཕར་ན། ལྷ་སའི་མཁའ་རླུང་གི་སྤུས་ཚད་ལ་སེམས་ཁུར་བྱ་དགོས་པ་ཞིག་རེད། ནང་ལོག་གྲོང་ཁྱེར་ཁག་ཏུ་སྨུག་རྡུལ་གནས་གཤིས་རྒྱུན་དུ་བྱུང་བཞིན་པ་དེ་ནི་ང་ཚོར་བཞག་པའི་ཉེན་བརྡ་ཆེན་པོ་ཞིག་ཏུ་གྱུར་ཡོད། གནའ་མིའི་ཁ་དཔེར་ཆུང་དུས་ནས་བཅོས་སྐྱོང་བྱས་ན་ནུས་ཤུགས་ཆུང་ཡང་ཕན་པ་ཆེན་པོ་ལྡན། ཆེ་དུས་བཅོས་སྐྱོང་བྱས་ན་ནུས་ཤུགས་ཆེན་པོ་བཏོན་ཡང་ཕན་པ་མི་འབྱུང་བ་མ་ཟད་དེ་ལས་ལྡོག་ཏུ་ཡང་འགྱུར་སྲིད་ཅེས་གསུང་ཡོད་པས། ང་ཚོས་ཆུ་མ་ཡོང་གོང་ནས་རགས་རྒྱག་པ་ལྟར་ལྷ་སའི་མཁའ་རླུང་གི་སྤུས་ཚད་སྲུང་སྐྱོང་བྱ་རྒྱུ་ནི་བྱེད་སྟངས་སྤྱང་པོ་ཞིག་རེད་ཅེས་བརྗོད།
         གཞན་ད་དུང་། འགྲིམ་འགྲུལ་སྡེ་ཁག་གིས་འགྲིམ་འགྲུལ་ལེགས་སྒྲིག་ཉམས་གསོ་ལ་ཤུགས་སྣོན་བྱ་དགོས་ཤིང་། གང་འདོད་དུ་རླངས་འཁོར་གྱི་ཁ་ལོ་བརྗེས་པ་དང་ལམ་ཐིག་བརྒལ་ནས་གཞུང་ལམ་བཟུང་བ། འཁོར་ལམ་ནས་ལྡོག་ཏེ་སྐྱོད་པ་སོགས་ཀྱི་འགྲིམ་འགྲུལ་སྒྲིག་ལམ་འགལ་བའི་སྣང་ཚུལ་དག་གཏན་འགོག་བྱ་དགོས་འདུག འགྲིམ་འགྲུལ་འགག་པའི་རྒྱུ་རྐྱེན་དུ་སྣང་ཚུལ་འདི་དག་ཀྱང་ཚུད་ཡོད། འདིའི་རིགས་མེད་པར་བྱ་ཆེད། བདེ་ཆེན་དབང་མོས་ལོ་གཅིག་གི་ནང་གི་ཉིན་མ་གཅིག་རང་སྐྱོང་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་ཁོར་ཡུག་སྲུང་སྐྱོང་གི་ཉིན་མོར་གཏེན་འབེབས་བྱས་ཏེ་གྲོང་མི་ཚང་མའི་འགྲིམ་འགྲུལ་བགྲོད་སྐྱོད་ཀྱི་འདུ་ཤེས་ཇེ་ལེགས་སུ་གཏོང་བར་ནུས་པ་འདོན་ཐུབ་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།