འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སི་རི་ཡའི་ཉམ་ཐག་ཡུལ་གྱར་བ་ཞིག་ལ་ཧྥ་རན་སེ་ནས་ཡོབ་སྒོར་ཁྲི་76རི་བའི་རྒྱན་ཤོག་ཅིག་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་18ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སི་རི་ཡའི་ཉམ་ཐག་ཡུལ་གྱར་བ་ཞིག་གིས་ཧྥ་རན་སེ་རྒྱལ་ཁབ་ཏུ་རྒྱན་ཤོག་ཉོས་ཏེ་ཡོབ་སྒོར་ཁྲི་76རི་བ་ཞིག་ཐོབ་པ་རེད། སྐྱེས་པ་འདི་ནི་ལོ་30ཡིན་པ་དང་། 2011ལོར་སི་རི་ཡའི་འཁྲུག་ལོང་ནས་བྲོས་ཏེ་ཧྥ་རན་སེ་རྒྱལ་ཁབ་ཏུ་གཏན་སྡོད་བྱས་ཤིང་། ནམ་རྒྱུན་ལུས་ཤུགས་ངལ་རྩོལ་ལ་བརྟེན་ནས་འཚོ་བཞིན་ཡོད་པ་རེད། 2015ལོའི་ཟླ་6པར། ཁོས"ཡོབ་སྒོར་ཁྲི་བརྒྱ་ཅན"གྱི་རྒྱན་ཤོག་ཅིག་ཉོས་ནས་རྒྱན་ཐོབ་མཁན་མི་215ཡི་ཁྲོད་ཀྱི་མི་གཅིག་ཏུ་གྱུར་མོད། འོན་ཀྱང་དོན་དག་འདི་2016ལོའི་ཟླ་1ཚེས་15ཉིན་ད་གཟོད་ཧྥ་རན་སེའི་རྒྱན་ཤོག་དོ་དམ་སྡེ་ཁག་གིས་གསལ་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།