འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་རིག་པ་མཁས་པས་ཀྲུང་གོའི་དཔལ་འབྱོར་གྱི་གཞི་རྩའི་གནས་ཚུལ་
    ཡག་པོ་རྒྱུན་འཁྱོངས་ཐུབ་པའི་ངོས་འཛིན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་18ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཤིས་ཉི་ཚན་རྩལ་སློབ་ཆེན་ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་དབར་གྱི་འབྲེལ་བའི་ཞིབ་འཇུག་ཁང་གི་ཡོའན་ཀྲང་གཞོན་པ་དཔལ་འབྱོར་རིག་པ་མཁས་ཅན་ལུའོ་ཀྲེན་གྱིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ལོ་གསར་པའི་མ་རྐང་ཁྲོམ་རའི་འཕར་ཆག་དེས་ཀྲུང་གོའི་དཔལ་འབྱོར་གྱི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་བ་མཚོན་མི་ཐུབ་ཅེས་བཤད་པ་དང་ཁོང་གིས་ཀྲུང་གོའི་དཔལ་འབྱོར་མདུན་ལམ་ཐད་སྔར་བཞིན་ལྟ་སྟངས་ཡག་པོ་ཡོད་པ་རེད།
         ལུའོ་ཀྲེན་གྱིས་བཟོ་སྐྲུན་ལས་རིགས་ལ་དཀའ་ངལ་ཆེ་མོད། འོན་ཀྱང་2015ལོར་ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཚད་7%ཟིན་པ་དེ་ཀྲུང་གོའི་བོང་ཚད་ཆེ་བའི་དཔལ་འབྱོར་དངོས་ཚན་ངོས་ནས་བརྗོད་ན་དེ་ནི་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་པའི་མྱུར་ཚད་ཅིག་ཡིན་ཞེས་བཤད་པ་རེད།
         ལུའོ་ཀྲེན་གྱིས་2016ལོའི་ཀྲུང་གོའི་དཔལ་འབྱོར་ཐད་སྔར་བཞིན་ལྟ་སྟངས་ཡག་པོ་ཡོད་པ་དང་། ཁོང་གིས་ཁྱིམ་ཚང་འཛད་སྤྱོད་དང་ཞབས་ཞུའི་ལས་རིགས་རྒྱུན་འཁྱོངས་ཐུབ་ན་2016ལོའི་ཀྲུང་གོའི་དཔལ་འབྱོར་ལ་སྔར་བཞིན་གྲུབ་འབྲས་ཡག་པོ་ཐོབ་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།