འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུས་མ་འོངས་ལོ་ལྔའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་ རྒྱལ་ཁབ་ཀྱི་འཆར་གཞིར་
    ཆོག་མཆན་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་18ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཨུ་རུ་སུའི་སྲིད་གཞུང་གིས་ཨུ་རུ་སུའི་ཙུང་ཐུང་མེ་ཏེ་ཝེ་ཅེ་ཕུའུ་ཡིས་གྲོས་ཆོད་ལ་མིང་རྟགས་བཀོད་ནས་2016ལོ་ནས་2020ལོ་བར་གྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྒྱལ་ཁབ་ཀྱི་འཆར་གཞིར་ཆོག་མཚན་སྤྲད་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
         དེ་ཉིན་ཨུ་རུ་སུ་སྲིད་གཞུང་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱས་པའི་ཡིག་ཆ་གཞིར་བཟུང་། རྒྱལ་ཁབ་ཀྱི་འཆར་གཞི་དེའི་དམིགས་ཡུལ་གཙོ་བོ་ནི་ཆ་རྐྱེན་གསར་གཏོད་བྱས་ནས་སྤྱི་ཚོགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་ཨུ་རུ་སུའི་བརྟན་ལྷིང་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད་ཡིན། དེས་གཞོན་ནུ་ལོ་ཆུང་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་བའི་ཁ་ཕྱོགས་རྒྱུན་འཁྱོངས་ཐུབ་རྒྱུ་དང་དུས་མཚུངས། སྤྱི་ཚོགས་རིམ་གྲས་དང་ན་ཚོད་ཀྱི་ཚོགས་སྤྱི་ཚང་མར་ཁ་ཕྱོགས་ཡོད་པ་རེད།
         རྒྱལ་ཁབ་ཀྱི་འཆར་གཞི་དེ་ཕྱོགས་ལྔ་ལས་གྲུབ་པ་སྟེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་དོན་གཙོ་བོའི་སྤེལ་ཕྱོགས་ནང་ཚན་ཞིབ་ཀྱི་ཁ་ཕྱོགས་དང་། སློབ་གསོའི་ཁ་ཕྱོགས། ཆ་འཕྲིན་གྱི་ཁ་ཕྱོགས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་དོན་གྱི་རྣམ་པ་འཐུས་ཚང་དུ་གཏོང་རྒྱུ་དང་དང་བླངས་པའི་ལས་འགུལ་འཕེལ་རྒྱས་གཏོང་རྒྱུ་བཅས་ཚུད་ཡོད། འཆར་གཞི་གཞིར་བཟུང་། ཨུ་རུ་སུ་སྲིད་གཞུང་གིས་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་རྩ་འཛུགས་དང་། གཞོན་ནུ་ལོ་ཆུང་གི་ཚོགས་པ། སྲིད་གཞུང་མིན་པའི་རྩ་འཛུགས་བཅས་དེ་བས་མང་བ་བསྡུ་ལེན་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་དོན་ནང་ཞུགས་ནས་སློབ་གསོའི་སྒྲིག་གཞིའི་ཁྲོད་ཀྱི་དང་བླངས་པའི་རྩ་འཛུགས་ཀྱི་བསྡུར་ཚད་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་ཁག་ནང་ཞུགས་པའི་སློབ་འབྲིང་སློབ་མའི་གྲངས་འབོར་མང་དུ་གཏོང་རྒྱུ་ཡིན་པ་རེད།
         ཕུའུ་ཅིན་གྱིས་2012ལོའི་ཟླ་10པར་《རྒྱལ་ཁབ་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་》ཀྱི་བཀའ་རྒྱར་མིང་རྟགས་བཀོད་ཡོད་ཅིང་། བཀའ་རྒྱ་དེ་གཞིར་བཟུང་། ཨུ་རུ་སུས་ཙུང་ཐུང་གཞུང་དོན་ཐིང་གི་སྒྲོམ་གཞིའི་ནང་སྤྱི་ཚོགས་རྣམ་གྲངས་དོ་དམ་ཅུས་བཙུགས་ནས་རྒྱལ་ཁབ་དེ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་འགན་གཙོ་བོ་འཁུར་གྱི་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།