འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མོ་ཞི་ཁོ་ནི་ལ་ཏིང་མེ་གླིང་དུ་རླངས་འཁོར་བཟོ་མཁན་རྒྱལ་ཁབ་ཨང་དང་པོ་དེ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་18ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མོ་ཞི་ཁོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2015ལོར་མོ་ཞི་ཁོ་ཡིས་རླངས་འཁོར་ཁྲི་340ཙམ་ཐོན་སྐྱེད་བྱས་པ་དེ་ལོ་གོང་མ་ལས་5.6%འཕར་ནས་ལོ་གཉིས་བསྟུད་མར་ལ་ཏིང་མེ་གླིང་དུ་རླངས་འཁོར་བཟོ་མཁན་རྒྱལ་ཁབ་ཨང་དང་པོར་གྱུར་ཡོད།
         གྲངས་གཞི་ལས་མངོན་པར། 2015ལོར་མོ་ཞི་ཁོས་རླངས་འཁོར་ཁྲི་276ཙམ་ཕྱིར་གཏོང་བྱས་པ་དེ་ལོ་གོང་མ་ལས་4.4%འཕར་བའི་ནང་མེ་གླིང་བྱང་མ་ནི་མོ་ཞི་ཁོ་ཡི་རླངས་འཁོར་ཕྱིར་གཏོང་བྱ་ཡུལ་ཁྲོམ་ར་གལ་ཆེན་ཡིན།
         2014ལོར་མོ་ཞི་ཁོ་ཡིས་པར་ཙིར་ལས་རྣམ་པར་རྒྱལ་ནས་ལ་ཏིང་མེ་གླིང་ནས་ཨང་དང་པོ་དང་འཛམ་གླིང་ནང་རླངས་འཁོར་བཟོ་མཁན་རྒྱལ་ཁབ་ཨང་བདུན་པ་དང་འཛམ་གླིང་ཐོག་རླངས་འཁོར་ཕྱིར་གཏོང་བྱེད་མཁན་རྒྱལ་ཁབ་ཨང་བཞི་པ་ཡིན། མོ་ཞི་ཁོ་ཡི་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་ཐོན་ལས་ཡིན་པའི་རླངས་འཁོར་བཟོ་ལས་ཀྱིས་མོ་ཞི་ཁོའི་རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་གྱི་4.5%དང་བཟོ་སྐྲུན་ལས་རིགས་ཐོན་སྐྱེད་བསྡོམས་འབོར་གྱི་20%བཟུང་ཡོད།
         མོ་ཞི་ཁོ་ཡི་གྲོས་ཁང་འོག་མའི་སྤྱི་པའི་ནོར་སྲིད་ཞིབ་འཇུག་ལྟེ་གནས་ཀྱིས་2016ལོར་ཕྱི་ནང་གི་དགོས་མཁོ་ཚང་མ་ལེགས་སུ་འགྲོ་བའི་གནས་ཚུལ་འོག་མོ་ཞི་ཁོ་ཡི་རླངས་འཁོར་ཐོན་ལས་མུ་མཐུད་འཕར་རྒྱུའི་ཚོད་དཔག་བྱས་ཤིང་། མོ་ཞི་ཁོའི་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཀྱང་2020ལོར་སླེབས་སྐབས་མོ་ཞི་ཁོ་ཡི་རླངས་འཁོར་ལོར་ཁྲི་500ཐོན་སྐྱེད་བྱ་རྒྱུ་དང་ཕྱིར་གཏོང་རླངས་འཁོར་ཁྲི་400ཟིན་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།