འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཐའེ་ཝན་ས་ཁུལ་གྱི་འགོ་ཁྲིད་པའི་འདེམས་བསྐོ་མཇུག་འབྲས་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་18ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཐའེ་ཝན་ས་ཁུལ་གྱི་འགོ་ཁྲིད་པའི་འདེམས་བསྐོ་མཇུག་འབྲས་ཡོངས་བསྒྲགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཐའེ་ཝན་ས་ཁུལ་གྱི་འགོ་ཁྲིད་པའི་འདེམས་བསྐོ་དེ་སྤྱི་ཟླ་1ཚེས་16ཉིན་གྱི་ཕྱི་དྲོའི་དུས་ཚོད་4ཡི་སྟེང་དུ་མཇུག་སྒྲིལ་བ་རེད། ཉིན་དེའི་དགོང་མོར་ཡོངས་བསྒྲགས་བྱས་པའི་འདེམས་ཤོག་ཞིབ་རྩིས་ཀྱི་འབྲས་བུ་ལས་མངོན་པ་ལྟར་ན། དམངས་གཙོ་ཡར་ཐོན་ཏང་གི་འོས་མི་ཚའེ་དབྱིན་ཝུན་དང་ཁྲེན་ཅན་རེན་གཉིས་ཐའེ་ཝན་ས་ཁུལ་གྱི་འགོ་ཁྲིད་པ་གཙོ་བོ་དང་གཞོན་པར་བདམས་ཡོད་པ་དང་། ཁོང་གཉིས་ཀྱི་འདེམས་ཤོག་ཐོབ་གྲངས་ནི་6894744ཡིན་ལ། ཐོབ་ཚད་ནི་56.12%ཡིན་པ་རེད།
         གཞན་ཀྲུང་གོ་གོ་མིན་ཏང་གི་འོས་མི་ཀྲུའུ་ལི་ལུན་དང་ཝང་རུའུ་ཞོན་གཉིས་ཀྱི་འདེམས་ཤོག་ཐོབ་གྲངས་ནི་3813365ཡིན་ལ། ཐོབ་ཚད་ནི་31.04%ཡིན་པ་རེད། དམངས་གཅེས་ཏང་གི་འོས་མི་སུང་ཁྲུའུ་ཡུས་དང་ཞུས་ཞིན་ཡིང་གཉིས་ཀྱི་འདེམས་ཤོག་ཐོབ་གྲངས་ནི་1576861ཡིན་ལ། ཐོབ་ཚད་ནི་12.84%ཡིན་པ་རེད།
         དུས་མཚུངས་སུ་ཐའེ་ཝན་ས་ཁུལ་གྱི་མི་དམངས་འདོད་བློ་མཚོན་པའི་འཐུས་མི་བདམས་པའི་མཇུག་འབྲས་ཀྱང་ཡོངས་བསྒྲགས་བྱས་ཤིང་། ཐའེ་ཝན་ས་ཁུལ་གྱི་ཁྲིམས་འཛུགས་སྒྲིག་གཞི་ཡི་སྤྱིའི་བཞུགས་གྲལ་113ཡོད་པའི་ནང་། དམངས་གཙོ་ཡར་ཐོན་ཏང་ལ་བཞུགས་གྲལ་68ཐོབ་པ་དང་། གོ་མིན་ཏང་ལ་བཞུགས་གྲལ་35ཐོབ། དུས་རབས་སྟོབས་ཤུགས་ཏང་ལ་བཞུགས་གྲལ་5ཐོབ། དམངས་གཅེས་ཏང་ལ་བཞུགས་གྲལ་3ཐོབ། "ཏང་ཁག་མེད་པའི་མཐུན་སྒྲིལ་མནའ་འབྲེལ"ལ་བཞུགས་གྲལ་1ཐོབ། སྲིད་ཏང་གིས་འོས་སྦྱོར་མ་ཐོབ་པ་ལ་བཞུགས་གྲལ་1ཐོབ་ཡོད་པ་བཅས་རེད།
    ༄༅།།ཐའེ་ཝན་ས་ཁུལ་གྱི་འགོ་ཁྲིད་པའི་འདེམས་བསྐོ་མཇུག་འབྲས་ཡོངས་བསྒྲགས་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།