འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཀྲུང་འཁོར་ཚོགས་པས་ཨ་ཧྥེ་རི་ཀར་རང་ཡུལ་ཅན་གྱི་འཕེལ་རིམ་ལ་སྐུལ་མ་ཧུར་ཐག་གཏོང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་18ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཀྲུང་འཁོར་ཚོགས་པའི་མཐོ་རིམ་གྱིས་ཉེ་ཆར་ཀྲུང་འཁོར་གྱིས་འབྱུང་འགྱུར་ཨ་ཧྥེ་རི་ཀའི་ཁྲོམ་རར་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་འབྲེལ་རང་ཡུལ་ཅན་གྱི་འཕེལ་རིམ་ལ་སྐུལ་མ་ཧུར་ཐག་གཏོང་རྒྱུ་རེད།
         ཀྲུང་གོ་དང་ཨ་ཧྥེ་རི་ཀའི་འགོ་ཁྲིད་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་མཐོ་རིམ་སྐད་ཆ་ཤོད་རེས་དང་ཀྲུང་གོ་ཨ་ཧྥེ་རི་ཀའི་ཁེ་ལས་མཁས་ཅན་ཚོགས་ཆེན་སྐབས་ལྔ་པར་ཞུགས་མཁན་ཀྲུང་གོ་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་འདོམས་གཞོན་པ་ཡུས་ཝུའེ་ཕིང་གིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“ང་ཚོ་དང་ལྷོ་ཨ་ཧྥེ་རི་ཀ་མཉམ་ལས་ཕྱོགས་དང་མཉམ་འབྲེལ་ཐོག་ཇུས་འགོད་བྱེད་པ་དང་། བཟོ་རྩལ་ལས་རིམ་མཉམ་འབྲེལ་ཐོག་བཟོ་བ། མཉམ་འབྲེལ་ཐོག་བཟོ་སྐྲུན་བྱེད་པ། ང་ཚོས་ལག་རྩལ་གཞན་འགྱུར་དང་རང་ཡུལ་ཅན་ལ་མཐོང་ཆེན་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་འཁོར་ཀུང་སིས་ལྷོ་ཨ་ཧྥེ་རི་ཀ་ནས་ཐོན་སྐྱེད་བྱེད་ཐབས་བྲལ་བའི་འགག་རྩའི་ལྷུ་ལག་རྒྱལ་ནང་ནས་ཉོ་སྒྲུབ་བྱས་ཏེ་ལྷོ་ཨ་ཧྥེ་རི་ཀར་དབོར་འདྲེན་བྱེད་པ་དང་དེ་བྱིངས་རླངས་འཁོར་གྱི་འཁོར་གཟུགས་དང་ཁ་ཕྱོགས་སྒྱུར་ཆས་སོགས་ལྷུ་ལག་དང་དེ་བཞིན་གློག་སྐུད་དང་རླངས་འཁོར་གྱི་སྒྲིག་ཆས་སོགས་ལྷུ་ལག་ཚང་མ་ས་གནས་དེ་གའི་བཟོ་གྲྭས་ཐོན་སྐྱེད་བྱས་རྗེས་རླངས་འཁོར་ལྷུ་སྒྲིག་དང་ཚོད་ལྟ་བྱེད་ཀྱི་ཡོད་པ་རེད།
         མིག་སྔར་ཀྲུང་འཁོར་གྱི་ནང་འབར་མེ་འཁོར་མགོའི་ཚོགས་ཆུང་དང་འགྲུལ་སྐྱེལ་འཁོར་ལོ། ཟོག་འདྲེན་འཁོར་ལོ། གྲོང་ཁྱེར་བགྲོད་ལམ་སོགས་ཀྱི་ལྕགས་ལམ་དང་འཁོར་རིགས་ཨ་ཧྥེ་རི་ཀའི་རྒྱལ་ཁབ་29ལ་ཁྱབ་ནས་ཨེ་ཧྥེ་རི་ཀར་ལྕགས་ལམ་གྱི་འཁོར་རིགས་ཁྲི་གཅིག་ལྷག་ཙམ་མཁོ་འདོན་བྱུང་ཡོད་ལ། ལྷོ་ཨ་ཧྥེ་རི་ཀ་ནི་ཀྲུང་གོ་ཀྲུང་འཁོར་གྱི་ཐོན་རྫས་ཕྱིར་གཏོང་རྒྱལ་ཁབ་ཆེ་ཤོས་དང་ཀྲུང་འཁོར་ཕྱིར་གཏོང་བྱེད་སྟངས་ཕུན་སུམ་ཚོགས་ཤོས་ཀྱི་ཁྲོམ་ར་ཞིག་ཀྱང་རེད།
         ཀྲུང་གོ་དང་ཨ་ཧྥེ་རི་ཀའི་སྲིད་གཞུང་དང་ཁེ་ལས་ཀྱི་འཐུས་མི་600ལྷག་ཙམ་ཀྲུང་གོ་དང་ཨ་ཧྥེ་རི་ཀའི་འགོ་ཁྲིད་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་མཐོ་རིམ་སྐད་ཆ་ཤོད་རེས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཀའི་ཁེ་ལས་མཁས་ཅན་ཚོགས་ཆེན་སྐབས་ལྔ་པའི་ཚོགས་ཆེན་ཐོག་ཞུགས་པ་དང་འབྲེལ་ཚོང་དོན་ངོ་འཕྲད་གྲོས་མོལ་ཡང་བྱས་ཤིང་། ཀྲུང་གོ་དང་ཨ་ཧྥེ་རི་ཀའི་ཁེ་ལས་མཁས་ཅན་གྱི་འཐུས་མི་དང་རིགས་གཅིག་མཁས་ཅན་གྱིས་ཚོགས་འདུའི་ཐོག་རྨང་གཞིའི་སྒྲིག་བཀོད་དང་། བཟོ་སྐྲུན་ལས་རིགས། ཞིང་ལས་ལས་སྣོན། དངུལ་རྩ་ཞབས་ཞུ། ནུས་ཁུངས་གཏེར་རྫས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ཞིབ་འཇུག་གྲོས་བསྡུར་བྱས་པ་རེད།
         ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཨ་ཧྥེ་རི་ཀའི་དཔལ་འབྱོར་ཚོང་དོན་དང་མཉམ་ལས་ཀྱི་འཕེལ་རྒྱས་མྱུར་པོ་བྱུང་ནས་ཨ་ཧྥེ་རི་ཀ་འདི་ཉིད་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་ལས་གྲྭ་འགན་གཙང་གི་ཁྲོམ་ར་ཆེ་ཤོས་གཉིས་པ་དང་གསར་དར་མ་དངུལ་གཏོང་ཡུལ་དུ་གྱུར་ཞིང་བསྡོམས་རྩིས་བྱས་པར་གཞིགས་ན་2014ལོའི་ལོ་མཇུག་བར་ཀྲུང་གོས་ཨ་ཧྥེ་རི་ཀར་ཐད་ཀར་མ་དངུལ་གཏོང་འབོར་ཨ་སྒོར་དུང་ཕྱུར་320ལྷག་ཙམ་ཟིན་པ་དེ་འདས་ཟིན་པའི་ལོ་15ཡི་ནང་ཆ་སྙོམས་འཕར་ཚད་30%བརྒལ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།