འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཡིད་རྟོན་གཱ་མི་གཞན་གྱིས་རྐུ་སྤྱོད་བྱེད་པ་འགོག་པའི་ཐབས་ཤེས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་18ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དེང་སང་དངུལ་ཁང་གཱ་རྐུ་སྤྱོད་བྱས་པའི་གྱོད་གཞི་ཡང་ཡང་ཐོན་གྱི་ཡོད། འོ་ན་དངུལ་ཁང་གཱ་ཡི་བདག་པོས་ཇི་ལྟར་བྱས་ཏེ་མི་སྒེར་གྱི་ཆ་འཕྲིན་སྲུང་བ་དང་མི་སྒེར་གྱི་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས་སམ།
         དངུལ་ཁང་གཱ་རྐུ་སྤྱོད་ཀྱི་གནས་ཚུལ་མི་ཐོན་པ་བྱེད་དགོས་ན་གཤམ་གསལ་དོན་གནད་ཁག་གཅིག་ལ་དོ་སྣང་བྱ་དགོས་པ་སྟེ།
         འཛད་སྤྱོད་ཆོག་པའི་དངུལ་གྲངས་ཚད་བཀག་བཟོ་དགོས་ཤིང་། དངུལ་ཁང་གཱ་ཡི་ཉིན་རེའི་འཛད་སྤྱོད་ཚད་བཀག་ཐེངས་གྲངས་དང་སྤྱོད་ཐེངས་རེའི་ཚད་བཀག་དངུལ་གྲངས་བཟོས་ཏེ་གྱོང་གུན་ཆུང་དུ་གང་ཐུབ་གཏོང་དགོས་པ་དང་། དུས་ངེས་མེད་ཀྱི་གསོག་དངུལ་ནང་མ་དངུལ་འབོར་ཆེན་བཅོལ་རྒྱུ་མེད་པར་ཆ་ཤས་ཤིག་དུས་བཀག་དངུལ་བཅོལ་བྱེད་པའམ་ཡང་ན་མ་འཇོག་ཐོན་རྫས་གཞན་ཉོ་རྒྱུར་སྤྱོད་དགོས།
         གཱ་སྤྱད་ནས་འཛད་སྤྱོད་བྱེད་སྐབས་དངུལ་ཁང་གཱ་དེ་རང་ཉིད་ཀྱི་མཐོང་སའི་ཁྱབ་ཁོངས་ནས་མི་བྲལ་བ་བྱེད་དགོས་པ་དང་དངུལ་ལེན་མཁན་གྱིས་གཱ་ཐེངས་ག་ཚོད་སྤྱོད་མིན་ལ་དོགས་ཟོན་བྱེད་དགོས།
         གཞན་ཡང་གཱ་ཡི་བདག་པོས་དྲ་ཐོག་ཏུ་ཡོང་ཁུངས་ཁ་གསལ་མེད་པའི་དྲ་ཚུགས་སམ་ཡང་ན་གློག་རྡུལ་སྦྲག་སྒམ་ནང་བསྐུར་བའི་དངུལ་ཁང་དྲ་ཚུགས་ཁ་འབྱེད་རྒྱུ་མེད་པ་དང་། རྩིས་ཐོ་དུས་རྒྱུན་དང་མི་འདྲ་བའི་བྱེད་སྤྱོད་དམ་ཡང་ན་དངུལ་ཁང་མ་ལག་རིམ་སྤོར་སོགས་ལ་ཁ་གཡར་ནས་དངུལ་ཁང་གཱ་ཡི་ཨང་གྲངས་དང་གསང་རྟགས་དགོས་ཟེར་བའི་གློག་རྡུལ་སྦྲག་ཡིག་གམ་ཡང་ན་དངུལ་ཁང་དྲ་ཚུགས་ལ་དོགས་ཟོན་བྱེད་དགོས།
         འཕྲིན་ཐུང་ངམ་ཡང་ན་ཁ་པར་འབྱོར་བ་ནི་ཁ་བསླུས་རྒྱག་མཁན་གྱི་འཕྲིན་ཐུང་ཡིན་སྲིད་པས་དངུལ་ཁང་གི་ཞབས་ཞུའི་ཁ་པར་ཨང་གྲངས་བརྒྱབ་ནས་བློ་འདྲི་བྱེད་ཆོག ༼ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས། ༽
      

    ཕྱོགས་བསྡུས་གསར་འགྱུར།