འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོ་ཁུལ་གྱིས་གཏན་འབེབས་གསར་པ་བཏོན་ནས་བདག་ཏུ་མ་བཟུང་བའི་སྲོག་
    ཆགས་ལ་བསུན་པོ་བཟོ་རྒྱུ་བཀག་འགོག་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་14ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དགུན་དུས་ཤར་བ་དང་སྦྲགས་རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚེའུ་ཆེ་ཤོས་མཚོ་སྔོན་པོར“ལེ་དབར་སྟོང་གི་འཁྱགས་མཚོ”དང“ངང་དཀར་འཕུར་ལྡིང”སོགས་ཀྱི་མཛེས་ལྗོངས་མངོན་བཞིན་ཡོད། དེས་ན་ཡུལ་སྐོར་བ་ཁ་ཤས་ཀྱི་ཚུལ་མིན་གྱི་བྱེད་སྤྱོད་ལས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རྒྱུན་ལྡན་འཚོ་གནས་ལ་ཤུགས་རྐྱེན་ཆེན་པོ་བཟོ་གི་ཡོད། དེར་བརྟེན་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་ཉེ་དུས་བྱེད་ཐབས་བཏོན་ནས་ཡུལ་སྐོར་བ་གང་རུང་གིས་མཚོ་སྔོན་པོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྱབ་ཁུལ་དང་འདབ་ཆགས་འཚོ་སྡོད་ཁུལ་དུ་གནམ་གྲུའི་ནང་ནས་པར་རྒྱག་རྒྱུ་ནན་འགོག་བྱས་པ་རེད།
         འདི་ལོའི་ཟླ་1ཚེས་1ཉིན་ཡུལ་སྐོར་བ་ཁ་ཤས་ཀྱིས་མཚོ་སྔོན་པོའི་ན་ཁ་རྩེ་གྲམ་ཐང་འདམ་རྫབ་ཁུལ་གྱི་མཁའ་དབྱིངས་སུ་གནམ་གྲུའི་ནང་ནས་པར་རྒྱག་པའི་འཕུར་སྐྱོད་ཡོ་ཆས་ཀྱིས་ངང་དཀར་དེད་ནས་པར་བརྒྱབ་སྟབས་ངང་དཀར་གྱི་ཁྱུ་ཚོགས་འདྲོགས་ནས་བྲོས་པ་དང་པར་རྒྱག་ལ་དགའ་མཁན་ཁ་ཤས་ཀྱི་པར་ལེན་གོ་སྐབས་ཀྱང་ཤོར་ཡོད། མཚོ་སྔོན་གྱི་པར་རྒྱག་ལ་དགའ་མཁན་ཝང་ཆི་ཝུན་གྱིས“ཉིན་གཉིས་པར་སླར་ཡང་དེར་ཡོང་སྐབས་ངང་དཀར་ཚང་མ་ཧ་ལམ་གར་སོང་ཆ་མེད་དུ་གྱུར་འདུག”ཅེས་བཤད།
         ཧེ་ལུང་ཅང་ནས་ཡིན་པའི་སྣོད་བཅུད་ལས་སྒོའི་མི་སྣ་ཕང་ཧྭ་ཡིས་གསར་འགོད་པར“ངང་དཀར་ནི་དུས་བྱ་ཞིག་ཡིན་པ་དང་དེ་དག་ཁྲོད་ཀྱི་ཁག་གཅིག་ལོ་ལྟར་ཟླ་12པའི་སྔ་རྗེས་སུ་མཚོ་སྔོན་པོར་དགུན་སྒྲོལ་ལ་ཡོང་གི་འདུག”ཅེས་ཡུལ་སྐོར་བ་ཁ་ཤས་ཀྱིས་ངང་དཀར་འཕུར་ལྡིང་བྱེད་ཚུལ་པར་རྒྱག་ཆེད་རླངས་འཁོར་ནས་དུང་བརྡ་གཏོང་བ་དང་ཤོག་སྦག་བརྒྱབ་ནས་ངང་དཀར་གྱི་ཁྱུ་ཚོགས་དཀྲོག་གི་ཡོད། ཉེ་བའི་ལོའི་ནང་མཚོ་སྔོན་པོར་དགུན་སྒྲོལ་བྱེད་པའི་ངང་དཀར་གྱི་གྲངས་ཚད་ཕྲན་བུ་ཆག་པ་རང་ཉིད་ལ་མྱོང་ཚོར་བྱུང་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།