འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་སྒྲིག་འགལ་རུལ་སུངས་ཀྱི་གྱོད་གཞི་མང་པོ་ཞིག་བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་14ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་གྱིས་ཉེ་དུས་སྒྲིག་འགལ་དང་རུལ་སུངས་ཀྱི་གྱོད་གཞི་མང་པོ་ཞིག་བརྡ་ཁྱབ་བཏང་ནས་སྔར་བཞིན་སྟེས་དབང་གི་བསམ་བློ་བཅངས་མཁན་ལས་བྱེད་པར་ཉེན་བརྡ་བཏང་བ་དང“སྤྱོད་ཚུལ་བཞིར”ངོ་རྒོལ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གྲུབ་འབྲས་གཏིང་ཟབ་ཏུ་བཏང་བ་རེད།
         ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་ལུང་རྟོགས་(ད་ཆ་ལས་གནས་ལས་བྲལ་ནས་ངལ་གསོ་བ)ཀྱིས་ལྷོ་ཁ་ས་ཁུལ་ལྷོ་བྲག་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་ཉི་མ་བཀྲ་ཤིས་ཀྱིས་སྣེ་ཁྲིད་པའི་རྟོག་ཞིབ་ཚོགས་ཆུང་ལ་སྣེ་ལེན་བྱེད་སྐབས་གསོལ་ཚིགས་བཤམས་རྗེས་སྒྲིག་འགལ་ངང་རོལ་རྩེད་བྱེད་སྒོ་བཀོད་སྒྲིག་བྱས་པར་ཁྱོན་འགྲོ་གྲོན་སྒོར་6149བཏང་བ་དང་འབྲེལ་རྩིས་ཞུ་བྱས་པ་རེད། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱིས་ཞིབ་འཇུག་གཏན་འབེབས་བྱས་པ་བརྒྱུད་སྐལ་བཟང་ལུང་རྟོགས་ལ་ཏང་ནང་གི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་ཉི་མ་བཀྲ་ཤིས་ལ་ཏང་ནང་གི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།
         ནག་ཆུ་ས་ཁུལ་འགྲིམ་འགྲུལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་གཞོན་པ་ཀུན་དགས་ཚན་པའི་ཁ་ལོ་བར་གཞུང་འཁོར་བཏང་ནས་རང་ཉིད་ནག་ཆུ་རྫོང་རྟ་ཆེན་ཤང་ནས་ལྷ་སར་བུ་མོའི་སློབ་འཕར་གསོལ་ཚིགས་ཀྱི་དགའ་སྟོན་གཤོམ་པར་སྐྱེལ་དུ་བཅུག་པ་དང་ཀུན་དགའ་དང་བཟའ་ཟླའི་གཉེན་ཉེ་དང་། ལས་རོགས། སློབ་གྲོགས་སོགས་མི་46གདན་དྲངས་པ་དང་འབྲེལ་ལག་རྟགས་དངུལ་བླངས་ཡོད། ནག་ཆུ་ས་ཁུལ་སྒྲིག་ཨུད་ཀྱིས་ཞིབ་འཇུག་གཏན་འབེབས་བྱས་པ་བརྒྱུད་ཀུན་དགར་ཏང་ནང་གི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་འབྲེལ་དེའི་གཞུང་འཁོར་སྒེར་སྤྱོད་བྱས་པའི་འགྲོ་གྲོན་སྒོར་1440རང་ཉིད་ཀྱིས་འདོན་རྒྱུའི་འགན་དཀྲིས་པ་མ་ཟད་བླངས་པའི་ལག་རྟགས་ཚང་མ་གཞུང་བཞེས་བཏང་བ་རེད།
         ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་ཤང་གི་ནོར་དོན་ཀན་ཧྲི་ཉི་མ་དོན་གྲུབ་ཀྱིས་འབྲས་སྤུངས་ཤང་གི་ནོར་དོན་ལས་འགན་ཁུར་རིང་ལས་ཐོག་གི་སྟབས་བདེ་སྤྱད་དེ་ཐོ་ཁོངས་རྫུས་མ་བཟོ་བ་སོགས་བརྒྱུད་ལས་གྲྭའི་རྣམ་གྲངས་མང་པོ་ཞིག་ནས་གཞུང་དངུལ་སྒོར་ཁྲི་56.31ཧམ་ཟ་དང་གཡོ་ལེན་བྱས་པ་དང་གཞུང་དངུལ་སྒོར་ཁྲི་7.45སྒེར་སྤྱོད་བྱས་སྟབས་ཉི་མ་དོན་གྲུབ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ལས་གནས་དབྱུང་བཏང་བ་དང་འབྲེལ་དུས་བཀག་བཙོན་འཇུག་ལོ་11གི་ཁྲིམས་ཆད་ཕོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།