འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ས་མཐོའི་བོད་ཇའི་ཁྱད་ལྡན་སྣོད་བཅུད་ཐོན་ལས་བཏོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་14ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔར་མཚོ་སྔོན་ཞིང་ཆེན་ནགས་ལས་སྡེ་ཚན་གྱིས“ཤར་རྒྱུད་ཀྱི་གླ་ཚེར་དང་། ནུབ་རྒྱུད་ཀྱི་འདྲེ་ཚེར་མ། ལྷོ་རྒྱུད་ཀྱི་བོད་ཇ”བཅས་ནགས་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པར་གཞིགས་ནས། སྤུས་ལེགས་ཐོན་ལས་ཉིན་བཞིན་ལེགས་ལྡན་ས་ཁོངས་སུ་མཉམ་དུ་བསྡུས་ཏེ་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་མཚོན་བྱེད་དུ་བྱས་པའི་བོད་ཇའི་ཐོན་ལས་རྟེན་གཞི་བསྐྲུན་ཡོད་པ་རེད།
         པད་མ་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཧྥང་དབྱིང་ཀྲུང་གིས་2014ལོར་རྫོང་དེས་དྷི་མདའ་ཤང་དུ་གཞི་ཁྱོན་ལྡན་པའི་བོད་ཇ་མུའུ་2500ཐོག་མར་འདེབས་འཛུགས་བྱས་པ་དེར་གྲུབ་འབྲས་ཐོབ་ཅིང་། 2015ལོར་རྫོང་དེས་བོད་ཇ་འདེབས་འཛུགས་རྒྱ་ཁྱོན་མུ་མཐུད་ཆེ་རུ་བཏང་ནས་ཡར་ཐང་ཤང་དང་། སེ་ལེ་ཐང་གྲོང་རྡལ། དྷི་མདའ་ཤང་བཅས་སུ་མི་ཐབས་ལ་བརྟེན་ནས་བོད་ཇ་མུའུ་8000བཏབ་པས། སྨར་ཁོག་ཆུའི་ངོགས་གཉིས་ཀྱི་སྤྱི་ལེ་100ཡི་སར་པད་མ་རྫོང་གི་བོད་ཇ་ཐོན་སྐྱེད་རྟེན་གཞི་ཐོག་མ་དེ་ཆགས་ཡོད། མིག་སྔར་པད་མ་རྫོང་གི་བོད་ཇའི་རྟེན་གཞི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་རྣམ་གྲངས་ལ་བསྡོམས་མ་དངུལ་སྒོར་ཁྲི་17579.25བཏང་བ་ལས་མ་དངུལ་མང་ཆེ་བ་ཀྲུང་དབྱང་དང་ཞིང་ཆེན་རིམ་པ་ནས་བཏང་བ་ཞིག་རེད་ཅེས་ངོ་སྤྲོད་བྱས།
         ཧྥང་དབྱིང་ཀྲུང་གིས“རི་སྐྱེས་བོད་ཇ་ཆུ་འགྲམ་དང་རི་བོའི་ཐོག་སྐྱེ་གི་ཡོད་པས་ཇ་ལོ་དེ་འོ་སེའི་ཧའེ་ཐང་མེ་ཏོག་དང་ལོ་འགྱུར་ཧའེ་ཐང་མེ་ཏོག་གི་མེ་ཏོག་དང་ལོ་མ་ནས་བླངས་པ་ཞིག་རེད། ལོ་ཁ་ཤས་སོང་རྗེས་འོ་སེའི་ཧའེ་ཐང་མེ་ཏོག་དང་ལོ་འགྱུར་ཧའེ་ཐང་མེ་ཏོག་གི་གླིང་ཁ་ཆགས་ནས་དཔྱིད་དུས་སུ་མེ་ཏོག་དཀར་པོ་རབ་ཏུ་བཞད་པ་དང་། དབྱར་དུས་སུ་སྔོ་ལྗང་ཤིང་སྣའི་གོས་ཀྱིས་བཀླུབས་པ། སྟོན་དུས་སུ་འབྲས་བུ་དམར་པོས་ཁེངས་ནས་པད་མ་རྫོང་གི་མཛེས་ལྗོངས་ཁུལ་ཞིག་ཏུ་གྱུར་ཐོག་མཚོ་སྔོན་བོད་རིགས་ས་ཁུལ་གྱི་ཉིན་བཞིན་ཇེ་ལེགས་སུ་འགྲོ་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་བཀྲག་མདངས་འཚེར་གྱི་ཡོད”ཅེས་བཤད།
         ཧྥང་དབྱིང་ཀྲུང་གིས“བོད་ཇའི་ཐོན་ལས་འཕེལ་རྒྱས་ཕྱིན་པ་དེས་མཚོ་བོད་ས་མཐོའི་ཞིང་འབྲོག་ཁུལ་གྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་མ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ནས་གནའ་བོའི་བོད་ཇའི་རིག་གནས་སྔོག་འདོན་དང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་གྱི་ཡོད”ཅེས་བཤད།
         པད་མ་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3500ཡིན་པ་དང་གནམ་གཤིས་བལྟོས་བཅས་ཀྱིས་དྲོ་བ་དང་བརླན་གཤེར་ཆེ་བ་ཞིག་ཡོད། དེ་སྔ་ཇ་རྟ་ཚོང་ལམ་གྱི་གྲོང་རྡལ་གལ་ཆེན་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།